དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • དབྱི་ལང་གིས་ལྷད་མེད་ཚད་20%ལོན་པའི་གར་དུ་གཏོང་བའི་ཡིའུ་སྤྱི་རྒྱ་50ཙམ་ཐོན་སྐྱེད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ཐེ་ཧེ་རན་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིར་བཅའ་སྡོད་དབྱི་ལང་གི་སྐུ་ཚབ་སུའུ་ཏན་ཉི་ཡེས་ཐེ་ཧེ་རན་དུ་ཉིང་རྡུལ་མཚོན་ཆ་ཉུང་འཕྲིའི་རྒྱལ་སྤྱིའི་ཚོགས་འདུ་སྐབས་གཉིས་པ་འཚོགས་རིང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་དབྱི་ལང་གིས་ད་བར་ལྷད་མེད་ཚད་20%ལོན་པའི་གར་དུ་གཏོང་བའི་ཡིའུ་སྤྱི་རྒྱ་50ཙམ་གྲུབ་འབྲས་ཐོབ་པའི་ངང་ཐོན་སྐྱེད་བྱས་ཡོད་ཅེས་གསུངས་པ་རེད།

        སུའུ་ཏན་ཉི་ཡེས་དབྱི་ལང་གིས་ད་དུང་ཐོན་སྐྱེད་མྱུར་ཚད་མགྱོགས་སུ་གཏོང་དགོས། དབྱི་ལང་ལ་ལྷད་མེད་ཚད་20%ལོན་པའི་གར་དུ་གཏོང་བའི་ཡིའུ་སྤྱི་རྒྱ་120དགོས་པ་དེ་ནི “སྨན་སྤྱོད་འཕྲོ་བའི་རང་བཞིན་གྱི་རིགས་མཚུངས་དངོས་རྒྱུ་ཐོན་སྐྱེད་བྱ་ཕྱིར་དབྱི་ལང་གི་ཐེ་ཧེ་རན་གྱིས་འགྱུར་འབྱུང་ཕུང་པོ་ཞིབ་འཇུག་བྱས་པར་ཉིང་རྡུལ་འབར་རྫས་དགོས་མཁོ་ཆེ་བས་རེད ”ཅེས་གསུངས་པ་རེད།

        ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དབྱི་ལང་གིས་དམངས་སྤྱོད་ཉིང་རྡུལ་འཆར་གཞི་དེ་འགེབས་སྲུང་སུ་བྱས་ནས་ཉིང་རྡུལ་མཚོན་ཆ་བཟོ་རྩིས་བྱེད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དབྱི་ལང་གིས་དེ་ཁས་གཏན་ནས་ལེན་གྱི་མེད་པ་དང་འདི་ཟླའི་ཚེས་7ཉིན་དབྱི་ལང་གི་ཙུང་ཐུང་ཨའེ་ཧ་མའེ་ཏི —ན་ཅ་ཏེ་ཡིས་དབྱི་ལང་གིས་ཡིའུ་གར་དུ་གཏོང་བའི་བྱེད་སྒོ་འདོར་མི་སྲིད་པ་དང་དབྱི་ལང་གི “ཉིང་རྡུལ་མེ་འཁོར ”གྱི་ཁ་བཀག་མེད་ལ་ཕྱིར་བཤོལ་ཀྱང་བརྒྱབ་མེད། དབྱི་ལང་གིས་ཉིང་རྡུལ་འཆར་གཞིར་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་བློ་ཐག་བཅད་ཡོད་ཅེས་གསུངས་པ་རེད།

        དབྱི་ལང་གིས་གཙོ་གཉེར་བྱས་པའི་ཉིང་རྡུལ་མཚོན་ཆ་ཉུང་འཕྲིའི་རྒྱལ་སྤྱིའི་ཚོགས་འདུ་སྐབས་གཉིས་པ་དེ་ཚེས་12ཉིན་ཐེ་ཧེ་རན་དུ་འཚོགས་པ་དང་རྒྱལ་ཁབ་དང་རྒྱལ་སྤྱིའི་སྒྲིག་གཞི 40ལྷག་ཙམ་ནས་ཡོང་བའི་སྐུ་ཚབ་དང་དབྱི་ལང་དུ་བཅའ་སྡོད་ཕྱི་འབྲེལ་དཔོན་སོགས་ཚོགས་འདུར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།