དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ནིའུ་ཙི་ལན་དུ་ས་ཡོམ་ཐེངས་མང་བརྒྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཁན་པེ་ར་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་ནིའུ་ཙི་ལན་ཁོ་ལའེ་སི་ཐེ་ཁྲེ་ཆི་གྲོང་ཁྱེར་དུ་ས་ཡོམ་ཐེངས་མང་བརྒྱབ་པ་དང་མིག་སྔར་མི་སྣ་ཤི་རྨས་བྱུང་བའི་གནས་ཚུལ་སྤེལ་མེད་པ་རེད།

        ད་ཐེངས་ཀྱི་ས་ཡོམ་དེ་དག་ནི་ན་ནིང་ཟླ་བ་དགུ་པའི་ས་ཡོམ་རིམ་པ་7.1གི་ཡོམ་འཕྲོ་ཡིན་པ་སྔར་བཞིན་ངོས་འཛིན་བྱེད་ཀྱི་ཡོད་པ་དེའི་ནང་ས་ཡོམ་ཆེ་ཤོས་ནི་རིམ་པ་6.0ཡིན་པ་རེད། ས་ཡོམ་ལས་ས་གནས་དེ་གའི་ཐོག་བརྩེགས་ཁང་ཆེན་ཁག་གཅིག་འཁྱོག་པའམ་ཡང་ན་བརྡིབས་པ་དང་གློག་ཤུགས་གཞི་ཁྱོན་ཆེན་པོའི་ངང་ཆད་པ་རེད། ཁོ་ལའེ་སི་ཐེ་ཁྲེ་ཆི་གྲོང་ཁྱེར་གྱི་གྲོང་དཔོན་པ་ཁེས་ད་དུང་ཡོམ་འཕྲོ་དེ་བས་མང་བ་རྒྱག་སྲིད་ཅེས་དྲན་སྐུལ་བྱས་པ་རེད།

        ཁོ་ལའེ་སི་ཐེ་ཁྲེ་ཆིར་ད་ལོའི་ཟླ་2ཚེས་22ཉིན་ཡོམ་འཕྲོ་རིམ་པ་6.3བརྒྱབ་ནས་མི་181ཡོམ་འཕྲོའི་ཁྲོད་རྐྱེན་ལམ་དུ་ཤོར་བ་རེད། དེ་རྗེས་ཡུལ་མི་ཁྲི་5ལྷག་ཙམ་ས་གནས་དེ་ནས་ཁ་བྲལ་ཏེ་སླར་ཡང་ནིའུ་ཙི་ལན་གྱི་གྲོང་ཁྱེར་གཞན་དུ་བཀོད་སྒྲིག་བྱས་པ་དེའི་ནང་ཁག་གཅིག་ཨོ་སི་ཁྲུ་ལི་ཡར་གནས་སྤོས་བྱས་པ་རེད།

        ས་ཡོམ་བསྟུད་མར་བརྒྱབ་པ་དེས་ཁོ་ལའེ་སི་ཐེ་ཁྲེ་ཆིར་གྱོང་གུན་ཚབས་ཆེན་ཕོག་པ་དང་བརྡིབས་པའི་བཟོ་སྐྲུན་དངོས་པོ་ཕུད་ད་དུང་སྒེར་ཁང་ཁྲི་གཅིག་ཙམ་དང་ཚོང་ལས་བཟོ་སྐྲུན་དངོས་པོ་1000ལྷག་ཙམ་བཤིག་ནས་བསྐྱར་སྐྲུན་བྱེད་དགོས་ཀྱི་ཡོད་པ་རེད། སླར་གསོ་དང་བསྐྱར་སྐྲུན་འགྲོ་གྲོན་སྔོན་དཔག་བྱས་ན་ནིའུ་ཙི་ལན་གྱི་སྒོར་དུང་ཕྱུར་150ཟིན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།