དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཅོར་ཏན་གྱི་རྒྱལ་པོས་འདེམས་བསྐོའི་ལམ་ལུགས་སྒྱུར་བཅོས་བྱ་རྒྱུའི་ཁས་ལེན་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཁེ་རོ་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཨན་མན་ནས་གནས་ཚུལ་འབྱོར་པར་གཞིགས་ན། ཚེས་12ཉིན་ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལ་ཡིས་བཪྙན་འཕྲིན་གསུང་བཤད་གནང་སྟེ་ཅོར་ཏན་གྱིས་སྐབས་རྗེས་མའི་དབྱི་ཧུའེ་འདེམས་ཐོན་བྱེད་སྐབས་བསྡུར་ཚད་ཀྱི་འཐུས་མིའི་ལམ་ལུགས་ལག་བསྟར་བྱས་ནས་དབྱི་ཧུའེ་འདེམས་བསྐོའི་ནང་གདན་ཐོབ་མང་བ་ཐོབ་པའི་ཏང་ཤོག་གིས་ནང་བློན་འཛུགས་འགན་འཁུར་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཨ་པུའུ་ཏུའུ་ལ་ཡིས་རང་ཉིད་སྲིད་སྐྱོང་བྱས་ནས་ལོ་12འཁོར་བའི་དྲན་གསོའི་ཉིན་མོར་གསུང་བཤད་གནང་ནས་སླད་ཕྱིན་གྱི་འདེམས་བསྐོའི་གོ་རིམ་དེ “གཞུང་དྲང་དང་ཕྱི་གསལ་ནང་གསལ ”བྱས་ནས་སྲིད་ཏང་ཡོངས་དབྱི་ཧུའེ་ཡི་འདེམས་བསྐོའི་ནང་ཞུགས་རྒྱུའི་ལྕག་སྐུལ་བྱེད་དགོས་ཞེས་ནན་བཤད་གནང་ཞིང་། སྐབས་རྗེས་མའི་དབྱི་ཧུའེ་ཡི་འདེམས་བསྐོ་དེ་ཅོར་ཏན་གྱི་རྒྱལ་ཡོངས་སྐད་ཆ་ཤོད་རེས་ཨུ་ཡོན་ལྷན་ཁང་གིས་ཉེ་ཆར་འཆར་ཟིན་བཀོད་པའི 《འདེམས་བསྐོའི་བཅའ་ཁྲིམས 》གཞིར་བཟུང་བྱ་རྒྱུ་ཡིན་པ་དང་དབྱི་ཧུའེ་འདེམས་བསྐོ་བྱ་རྒྱུ་ཕུད་ས་གནས་སྲིད་གཞུང་གི་འདེམས་བསྐོའང་བཅའ་ཁྲིམས་གསར་པ་ལྟར་བྱ་རྒྱུ་རེད། གཞན་ཡང་ཨ་པུའུ་ཏུའུ་ལ་ཡིས་གསུང་བཤད་དེ་དཔལ་འབྱོར་སྒྱུར་བཅོས་དང་རུལ་སུངས་བཅོས་སྐྱོང་བྱ་རྒྱུ་དང་འབྲེལ་བ་ཡོད་པ་རེད།

        དེ་ནི་ཅོར་ཏན་དུ་རྒྱུན་བསྲིང་ངང་རྔམ་སྟོན་ཁྲོམ་སྐོར་ཟླ་བ་དྲུག་བྱས་ཚུན་ཅོར་ཏན་གྱི་རྒྱལ་པོས་སྤྱི་དམངས་ལ་བཟོད་སྒོམ་གནང་ཆེ་ཤོས་ཤིག་ཡིན་མོད། འོན་ཀྱང་ཅོར་ཏན་གྱི་ངོ་རྒོལ་ཏང་ཆེ་ཤོས་ཡིན་པའི་དབྱི་སི་ལམ་བྱ་སྤྱོད་འཐབ་ཕྱོགས་ཏང་གིས་ཨ་པུའུ་ཏུའུ་ལའི་གཏམ་བཤད་དེར་ནང་དོན་གསར་པ་མེད་པ་མ་ཟད་སྒྱུར་བཅོས་བྱ་རྒྱུའི་ཞིབ་ཕྲའི་དུས་ཚོད་དང་འགན་ལེན་ཡང་བཏོན་མེད་ཅེས་བརྗོད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།