དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རི་པིན་གྱི་ཞིང་ནགས་ཆུ་ལས་ཐོན་རྫས་པུའུ་ཡིས་རྒྱ་མཚོར་སླར་ཡང་ཉིང་རྡུལ་བཙོག་ཆུ་འབུད་རྒྱུར་ངོ་རྒོལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཏུང་ཅིང་ནས་ཟླ་6ཚེས་9ཉིན་གློག་འཕྲིན་འབྱོར་གསལ། རི་པིན་ཞིང་ནགས་ཆུ་ལས་ཐོན་རྫས་པུའུ་ཡི་བློན་ཆེན་གཞོན་པ་ཐུང་་ཅིང་ཤིན་ལུང་གིས་ཚེས་9ཉིན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ཏུང་ཅིང་གློག་ཤུགས་ཀུང་སིས་ཕུའུ་ཏའོ་ཡི་ཉིང་རྡུལ་གློག་ཁང་གཉིས་པའི་ནང་གསོག་འཇོག་བྱས་པའི་འཕྲོ་བའི་རང་བཞིན་གྱི་བཙོག་ཆུ་རྒྱ་མཚོའི་ནང་དུ་འབུད་རྒྱུའི་འཆར་གཞིར་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་གསུངས། ཐུང་ཅིང་གིས་“གལ་སྲིད་བཙོག་ཆུ་ཏུན་3000ལྷག་ཙམ་རྒྱ་མཚོར་འབུད་ན་རྒྱ་མཚོར་ཤུགས་རྐྱེན་ངན་པ་ཞིག་ཐེབས་པ་མ་ཟད་ད་དུང་རྒྱ་མཚོའི་ཐོན་རྫས་སོགས་ལ་གནོད་སྐྱོན་ཕོག་སྲིད་པར་བརྟེན་ང་ཚོས་མོས་མཐུན་བྱེད་ཀྱི་མིན ”ཞེས་ནན་བཤད་གནང་བ་རེད།

        ཐུང་ཅིང་གིས་འདི་ཟླའི་ཚེས་2ཉིན་ཏུང་ཅིང་གློག་ཤུགས་ཀུང་སིས་བཙོག་ཆུ་རྒྱ་མཚོར་འབུད་རྒྱུའི་རེ་བ་བཏོན་ཡོད་ཅེས་གསུངས་པ་དང་ཁོང་གིས “ཏུང་ཅིང་གློག་ཤུགས་ཀུང་སིས་བཙོག་ཆུ་གཙང་སེལ་བྱས་རྗེས་སླར་ཡང་རྒྱ་མཚོར་འབུད་རྒྱུ་ཡིན་ཞེས་བཤད་ཀྱང་དེའི་ནང་སྔར་བཞིན་འཕྲོ་དངོས་ལྡན་སྲིད ”ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།