དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • སུའུ་ཏན་ལྷོ་བྱང་ཕྱོགས་གཉིས་ཀྱིས་འགག་རྩའི་མི་མཐུན་སར་གྲོས་བསྡུར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཁེ་རོ་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། སུའུ་ཏན་གྱི་ཙུང་ཐུང་པ་ཤིའར་དང་སུའུ་ཏན་གྱི་ཙུང་ཐུང་གཞོན་པ་དང་པོ་དང་ལྷོ་ཕྱོགས་སྲིད་གཞུང་གི་ཀྲུའུ་ཞི་གཅིག་ལྕོགས་ཅིའར་གཉིས་ཀྱིས་ཚེས་12ཉིན་ནས་བཟུང་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པར་གྲོས་མོལ་བྱས་པ་དང་། གྲོས་མོལ་གྱི་ནང་དོན་གཙོ་བོ་དེ་སུའུ་ཏན་ལྷོ་རྒྱུད་རང་བཙན་བྱེད་པའི་ཐད་ཀྱི་འགག་རྩའི་མི་མཐུན་ས་སྟེ་བྱང་ལྷོའི་མཚམས་ཐིག་ཐོག་གི་ཨ་པུའུ་ཡེ་དབྱི་དང་ནན་ཁོའར་ཏོ་ཕན་ས་ཁུལ་གཉིས་ཀྱི་གཏོགས་ཁོངས་གནད་དོན་ལ་དམིགས་ཤིང་། ཚོགས་འདུ་དེ་ནི་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལིས་གཙོ་སྐྱོང་གནང་ལ་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཟུར་པ་མུའུ་པེ་ཅིས་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་སྐུ་ཚབ་ཚོགས་པ་ཞིག་གི་སྣེ་འཁྲིད་དེ་ཚོགས་འདུར་ཞུགས་ནས་འདུམ་འགྲིག་བྱས་པ་རེད།

        ལུའུ་ཐོའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། པ་ཤིའར་གྱིས་སུའུ་ཏན་ལྷོ་མར་ཟླ་7ཚེས་9ཉིན་རྒྱལ་ཁབ་བཙུགས་པ་ཡོངས་བསྒྲགས་མ་བྱས་གོང་ཨ་པུའུ་ཡེ་དབྱི་ས་ཁུལ་གྱི་བྱང་ཕྱོགས་དམག་དཔུང་ཚང་མ་ཕྱིར་ལོག་བྱེད་རྒྱུ་ཁས་ལེན་བྱས་ཡོད་པ་དང་། གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་གཞུང་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ལྷོ་བྱང་ཕྱོགས་གཉིས་ནན་ཁོའར་ཏོ་ཕན་ཀྲོའུ་རུ་གདོང་ཐུག་བྱུང་བའི་དབང་གིས་ས་གནས་དེ་གའི་མི་ཁྲི་5.3གཞན་ཡུལ་དུ་བྲོས་བྱོལ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།