དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • དབྱི་རག་ལྷོ་རྒྱུད་དུ་རང་ལྕེབ་འཇབ་རྒོལ་ཕོག་ནས་མི་31འཆི་རྨས་བྱུང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་པ་ཀ་ཏ་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། དབྱི་རག་ལྷོ་རྒྱུད་ཀྱི་གྲུ་ཁའི་གྲོང་ཁྱེར་པ་ཧྲི་ལར་ཚེས་13ཉིན་གྱི་སྔ་དྲོ་རང་ལྕེབ་འཇབ་རྒོལ་གྱི་དོན་རྐྱེན་ཞིག་ཐོན་པའི་ནང་ཉུང་མཐར་ཡང་འཇབ་རྒོལ་བྱེད་མཁན་ཚུད་པའི་མི་6ཤི་བ་དང་མི་25ལ་རྨས་སྐྱོན་ཕོག་ཡོད་པ་རེད།

        རང་མིང་ཤོད་འདོད་མི་བྱེད་པའི་པ་ཧྲི་ལའི་ཉེན་རྟོག་ཕྱོགས་ཀྱི་མི་སྣ་ཞིག་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་འབར་གས་ཀྱི་གནས་ཚུལ་དེ་པ་ཧྲི་ལ་གྲོང་ཁྱེར་གྱི་ལྟེ་བ་ཨ་སར་ཁུལ་གྱི་ཉེན་རྟོག་ཅུས་སུ་ཐོན་པ་དང་འཇབ་རྒོལ་བྱེད་མཁན་གཅིག་གིས་འབར་རྫས་བླུགས་པའི་རླངས་འཁོར་བཏང་སྟེ་ཉེན་རྟོག་ཅུས་དེའི་ནང་མཆོང་རྩིས་བྱེད་སྐབས་ཉེན་རྟོག་ཅུས་ཀྱི་སྒོ་ཁའི་བལྟ་སྲུང་བ་ཚོས་རླངས་འཁོར་དེར་མེ་མདའ་བརྒྱབ་སྟབས་འཇབ་རྒོལ་བྱེད་མཁན་གྱིས་དེ་མ་ཉིད་དུ་རླངས་འཁོར་འབར་གས་བྱས་ཏེ་ཤི་རྨས་བྱུང་བ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།