དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • འཛམ་གླིང་དང་གཞི་གཅིག་ཏུ་འབྲེལ་བ་བྱས་ནས་ཐུན་མོང་ལ་ཐོབ་པའི་ཕན་པ་ལོངས་སུ་སྤྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        2011ལོ་ནི་ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་ནས་ལོ་བཅུ་འཁོར་བའི་ལོ་ཞིག་རེད།

        ལོ་བཅུ་ཡི་རིང་ལས་གང་ཞིག་མཚོན་ནམ། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས་ཀྲུང་གོས་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་མྱོང་བ་དང་སྒོ་དབྱེའི་གོམ་སྟབས་སྤོ་ མཚམས་འཇོག་མྱོང་མེད་པར་ཚགས་ཚུད་པའི་ཚོང་དོན་རྒྱལ་ཁབ་ཆེན་པོ་ཞིག་ཏུ་རིམ་གྱིས་གྱུར་ཏེ་རང་ཉིད་ལ་ཕན་པ་ཐོབ་པ་དང་འཛམ་གླིང་ལ་ཕན་པ་ཐོབ་པ་བྱས་ཡོད།

        འདི་ལོའི་ལོ་འགོར་སུའེ་ཙེར་གྱི་ཏ་ཝོ་སིར་འཚོགས་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ལོ་ཚོགས་ཐོག་ཀྲུང་གོའི་ཚོང་དོན་པུའི་པུའུ་ཀྲང་ཁྲེན་ཏེ་མིང་གིས་ཀྲུང་གོས་བརྒྱུད་མྱོང་བའི་ལོ་བཅུ་ལ་གཤམ་གསལ་ལྟར་འགྲེལ་བཤད་བསྐྱོན་ཡོད་པ་སྟེ། སྐབས་དེ་དུས་ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པ་ནི “བློ་ཁོག་ཆེ་བ་དང་དཀའ་ཚེགས་ཆེ་བའི ”གདམ་ག་ཞིག་ཡིན་ལ་དེ་ཡང་དག་པའི་གདམ་ག་ཞིག་ཀྱང་ཡིན། ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་ནས་ལོ་བཅུ་སོང་བའི་དུས་ཚོད་ནི་འཛམ་གླིང་དང་མཉམ་དུ་དར་རྒྱས་ལོངས་སྤྱོད་བྱེད་པ་དང་འབྲེལ་གཉིས་ཁེ་ཡོང་བ་བྱེད་པའི་ལོ་བཅུ་ཞིག་ཀྱང་ཡིན།

        འདི་ལོའི་ཟླ་4པར་ཀྲུང་གོའི་ཧའེ་ནན་དུ་འཚོགས་པའི་པུའོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ལོ་ཚོགས་ཀྱི “ཀྲུང་གོ་འཛམ་གླིང་དང་གཞི་གཅིག་ཏུ་འབྲེལ་བ་བྱས་པ་སྟེ་ཐུན་མོང་ལ་ཐོབ་པའི་ཕན་པ་ལོངས་སུ་སྤྱོད་པའི་ལོ་བཅུ ”ཞེས་པའི་ཡན་ལག་གླེང་སྟེགས་ཐོག་ཁྲེན་ཏེ་མིང་གིས་གྲངས་གཞི་རབ་དང་རིམ་པར་བརྟེན་ནས་ཀྲུང་གོའི་ལོ་བཅུའི་རིང་གི་གྲུབ་འབྲས་གསལ་བཤད་ཞིབ་ཕྲ་གནང་ཞིང་། ཁོང་གིས་2001ལོར་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པ་དེ་ནི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་གལ་ཆེའི་ལམ་ཚད་རྡོ་རིང་ཞིག་ཡིན། ཀྲུང་གོས་ལོ་བཅུ་དེའི་ནང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མི་གསར་པ་ཞིག་ནས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ནང་ཞུགས་མཁན་བར་འགྱུར་བ་བྱས་པ་དང་འབྲེལ་སྐུལ་འདེད་གཏོང་མཁན་དུ་རིམ་གྱིས་འགྱུར་བ་བྱེད་པའི་འགྱུར་ལྡོག་ཆེན་པོ་ཡོང་བ་བྱས་ཏེ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཚགས་ཚུད་པའི་ཁོངས་མི་ཞིག་ཏུ་གྱུར་ཡོད། འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པ་བརྒྱུད་ཀྲུང་གོས་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་ཡོད། ལོ་བཅུ་དེ་ནི་ཀྲུང་གོར་འཕེལ་རྒྱས་ཡག་ཤོས་དང་མགྱོགས་ཤོས་བྱུང་བའི་ལོ་བཅུ་ཡིན། ཕྱིར་གཏོང་གཞི་ཁྱོན་ལྡབ་4.9འཕར་ནས་འཛམ་གླིང་ཐོག་གི་ཕྱིར་གཏོང་རྒྱལ་ཁབ་ཆེན་པོ་ཨང་དང་པོར་གྱུར་ཡོད། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྡབ་3ལྷག་ཙམ་འཕར་ནས་དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་ཀྱི་ཡོད། ཀྲུང་གོ་མི་དམངས་ཀྱི་ཡོང་འབབ་མཐོ་རུ་མངོན་གསལ་དོད་པོ་སོང་བ་དང་མི་དུང་ཕྱུར་གཉིས་ལྷག་ཙམ་དབུལ་པོའི་གནས་ནས་སྒྲོལ་ཐུབ་པ་བྱུང་ཡོད་ཅེས་གསུངས་པ་རེད།

        ཀྲུང་གོས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁས་ལེན་བསྒྲུབས་པའི་སྐོར་གླེང་སྐབས་ཁྲེན་ཏེ་མིང་གིས་ལོ་བཅུ་ཡི་ཚུན་དུ་ཀྲུང་གོས་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པའི་འོས་འགན་དང་ཁས་ལེན་ཁག་ནན་ཏན་ངང་བསྒྲུབས་ཡོད་པ་དང་ཆ་སྙོམས་སྒོ་ཁྲལ་15.3%ནས་9.8%བར་ཆག་ཡོད་པ་དང་ཞབས་ཞུའི་ཚོང་དོན་སྡེ་ཚན་100ལྷག་ཙམ་གྱི་སྒོ་དབྱེ་བ་དང་། འགྲན་རྩོད་ཡོང་བ་བྱེད་པ། ཁྲོམ་ར་ཅན་གྱི་ཚད་གཞི་མཐོ་རུ་གཏོང་བ། ཁེ་ལས་འཚོ་གནས་དང་། འཚམ་མཐུན། འཕེལ་རྒྱས་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་པས་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་ཁྱོན་དུ་སྒོ་མོ་འབྱེད་རྒྱ་ཆེ་ཤོས་ཀྱི་ཁྲོམ་རའི་གྲས་ཤིག་ཏུ་གྱུར་ཡོད། ལོ་བཅུ་ཡི་རིང་ཀྲུང་གོས་གཅིག་གྱུར་དང་། སྔོན་དཔག་ཐུབ་པ། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་མཐུན་པ་བཅས་ཀྱི་ཚོང་དོན་སྒྲིག་གཞི་བཙུགས་ཡོད་པ་དང་ལོ་རྒྱུས་ཐོག་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཙང་བཤེར་བྱེད་པའི་ལས་དོན་ཆེ་ཤོས་བརྒྱུད་མྱོང་བ་དེ་ཀྲུང་དབྱང་རིམ་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྡེ་ཚན་གྱི་སྒྲིག་སྲོལ་3000ལྷག་ཙམ་དང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་ཁག་ཁྲི་19དང་འབྲེལ་བ་ཡོད་ཅེས་གསུངས་པ་རེད།

        ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་དང་གཞི་གཅིག་ཏུ་ཧུར་ཐག་འགྱུར་བ་བྱེད་པའི་བརྒྱུད་རིམ་ནི་རྒྱལ་ཁབ་ཁག་གིས་ལེགས་ཆ་ཁ་གསབ་བྱེད་པ་དང་ཁེ་ཕན་མཉམ་སྤྱོད་བྱེད་པའི་བརྒྱུད་རིམ་ཞིག་ཡིན། ཁྲེན་ཏེ་མིང་གིས་ཀྲུང་གོ་འདི་ཉིད་གཞི་ཁྱོན་སྔར་ན་མེད་པ་དང་འཕར་ཚད་མཐོ་ཤོས་ཀྱི་གསར་དར་ཁྲོམ་ར་ཞིག་ཏུ་གྱུར་ཡོད་པ་དང་ཀྲུང་གོ་འཕེལ་རྒྱས་ཤུགས་ཆེན་བྱུང་བ་དེ་ཨེ་ཤེ་ཡ་དང་ཐ་ན་འཛམ་གླིང་དཔལ་འབྱོར་འཕར་བའི་གལ་ཆེའི་སྟོབས་ཤུགས་དང་འབྱུང་རྩ་ཞིག་ཏུ་གྱུར་ཡོད། ལོ་བཅུ་ཡི་རིང་ཀྲུང་གོའི་ནང་འདྲེན་གཞི་ཁྱོན་ལྡབ་5.2འཕར་ནས་གོ་ལ་ཧྲིལ་པོའི་ནང་འདྲེན་བྱེད་མཁན་རྒྱལ་ཁབ་ཆེན་པོ་ཨང་གཉིས་པར་སླེབས་ཡོད། 2010ལོར་དངོས་ཟོག་ཚོང་དོན་ནང་འདྲེན་བྱས་ཚད་ཨ་སྒོར་དུང་ཕྱུར་ཁྲི་1.4ཙམ་ཟིན་པ་དེས་གོ་ལ་ཧྲིལ་པོའི་བཅུ་ཆ་གཅིག་བཟུང་ཡོད། ཀྲུང་གོ་འདི་ཉིད་རི་པིན་དང་། ཨོ་སི་ཁྲུ་ལི་ཡ། པར་ཙིར། ལྷོ་ཨ་ཧྥེ་རི་ཁ་སོགས་རྒྱལ་ཁབ་ཀྱི་ཕྱིར་གཏོང་ཁྲོམ་ར་ཆེ་ཤོས་ཨང་དང་པོར་གྱུར་ཡོད། ལོ་བཅུ་ཡི་ཚུན་ཀྲུང་གོས་རིམ་རྩིས་བྱས་ན་ཕྱི་འཇོག་མ་དངུལ་བེད་སྤྱོད་བྱེད་ཚད་ཨ་སྒོར་དུང་ཕྱུར་ཁྲི་གཅིག་ལས་བརྒལ་ནས་འཛམ་གླིང་ཐོག་གི་ཕྱི་རྒྱལ་གྱི་མ་དངུལ་ཐད་ཀར་ཚུར་འགུག་བྱེད་མཁན་མང་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་སུ་གྱུར་ཡོད། 2009ལོ་དང་2010ལོར་ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་ཐད་ཡར་སྐུལ་གྱི་ནུས་པ་བཏོན་ཚད་50%ཟིན་ཡོད་ཅེས་ནན་བཤད་གནང་བ་རེད།

        ཀྲུང་གོའི་དཔལ་འབྱོར་འཕར་བ་དེ་ཨེ་ཤེ་ཡའི་དཔལ་འབྱོར་འཕར་བ་དང་འབྲེལ་བ་དམ་ཟབ་ཡོད། ཁྲེན་ཏེ་མིང་གིས་ཨེ་ཤེ་ཡའི་ཚོང་དོན་གྱིས་ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་གྲངས་འབོར་གྱི་ཕྱེད་ཀ་བཟུང་ཡོད་པ་སྟེ་ན་ནིང་ཨ་སྒོར་དུང་ཕྱུར་1500ཟིན་ནས་ལོ་བཅུ་ཡི་ནང་ལྡབ་4.5འཕར་བ་དང་ལོ་རེར་ཆ་སྙོམས་21%རིམ་འཕར་བྱུང་ཡོད། ཀྲུང་གོའི་ཚོང་དོན་རོགས་ཟླ་དང་པོ་ནས་བཅུ་པའི་ཁྲོད་ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་6ཡོད། དུས་མཚུངས་ཀྲུང་གོ་ནི་རི་པིན་དང་། ཧན་གོ ཁྲའོ་ཞན། མོང་གོལ། ཝེ་ཐེ་ནམ། མ་ལེ་ཞི་ཡ་སོགས་རྒྱལ་ཁབ་ཀྱི་ཚོང་དོན་རོགས་ཟླ་ཆེ་ཤོས་ཡིན། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་རང་མོས་ཚོང་དོན་ཁུལ་བཙུགས་ནས་ཁྱོན་ཡོངས་ཀྱི་སྒོ་ཁྲལ་མེད་པར་འགྱུར་བར་བྱས་ཡོད་པ་དང་ཀྲུང་གོ་དེ་ཉིད་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱིར་གཏོང་བྱེད་ཡུལ་ཆེ་ཤོས་ཨང་དང་པོར་གྱུར་ཡོད། ཀྲུང་གོས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་དང་མཉམ་དུ་རང་ངོས་ཀྱི་བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ་གོ་ལ་ཧྲིལ་པོའི་ཐོན་ལས་ལས་བགོས་གཏིང་ཟབ་བྱེད་པའི་ནང་མཉམ་དུ་ཞུགས་པ་དང་འབྲེལ་དེ་ལས་ཕན་པའང་ཐོབ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

        འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཀྱི་ངོས་ནས་བརྗོད་ན་རང་ངོས་ཀྱི་རྒྱུ་སྟོབས་ལ་ཚད་ཡོད་ཀྱང་འཕེལ་རྒྱས་ཀྱི་ལས་འགན་ད་དུང་ཧ་ཅང་ལྕི་པོ་ཡོད། ཀྲུང་གོ་སྲིད་གཞུང་གིས “ལྷོ་ལྷོ་མཉམ་ལས ”ལ་སྐུལ་འདེད་གཏོང་རྒྱུར་ཐོག་མཐའ་བར་གསུམ་དུ་འབད་བརྩོན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི “ཚོང་དོན་ལ་སྐུལ་འདེད་བཏང་ནས་རོགས་སྐྱོར་བྱེད་པའི ”བྱེད་སྒོའི་ནང་ཧུར་ཐག་ཞུགས་ནས་དངུལ་ཞལ་འདེབས་བརྒྱབ་པ་དང་མི་སྣ་གསོ་སྦྱོང་བྱེད་པ་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་བརྒྱུད་དེ་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་གོ་ལ་ཧྲིལ་པོའི་ཚོང་དོན་ནང་ཞུགས་པའི་ནུས་པ་ཆེ་རུ་གཏོང་རྒྱུར་རོགས་རམ་བྱེད་ཀྱི་ཡོད། 2010ལོ་ནས་བརྩིས་པའི་ལོ་3ནང་ཀྲུང་གོ་ཕྱོགས་ཀྱིས་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་41ཀྱི་ཐོན་ཟོག་95%ཡན་ལ་ཁྲལ་རྩ་ཆག་གཏོང་རྒྱུ་ཡིན་ཞིང་། 2009ལོ་ནས་བཟུང་ཀྲུང་གོ་འདི་ཉིད་ལོ་གཉིས་བསྟུད་མར་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱི་ཕྱིར་གཏོང་ཁྲོམ་ར་ཆེ་ཤོས་སུ་གྱུར་ནས་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱི་ཕྱིར་གཏོང་གྲངས་འབོར་གྱི་23%བཟུང་ཡོད་པ་རེད།

        སླད་ཕྱིན་གྱི་འཕེལ་རྒྱས་གཏོང་ཕྱོགས་གླེང་སྐབས་ཁྲེན་ཏེ་མིང་གིས་ཀྲུང་གོ་འདི་ཉིད་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་ཐུབ་པའི་ལག་ལེན་དངོས་ཀྱི་ཐོག་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ལམ་དུ་བསྐྱོད་ཚེ་གཞི་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་གོ་སྐབས་དམ་འཛིན་བྱེད་ཐུབ་པ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུ་དེ་རྒྱལ་ནང་གི་འཕེལ་རྒྱས་སྒྱུར་བཅོས་དང་ཟུང་འབྲེལ་བྱས་ཚེ་གཞི་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཁྲོད་ནས་ཕན་པ་ཏན་ཏིག་ཐུབ་རྒྱུའི་འགན་ལེན་བྱེད་ཐུབ་པའི་ར་སྤྲོད་བྱུང་ཡོད། ཀྲུང་གོའི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྩ་གནད་ནང་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱས་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་ཞེས་གསལ་པོ་བཏོན་ཡོད། སླད་ཕྱིན་ལོ་10ཡི་རིང་དང་ལྷག་པར་དུ “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ཕྱི་ཕྱོགས་ཀྱི་དཔལ་འབྱོར་ཉོ་ཚོང་འཕེལ་རྒྱས་གཏོང་ཕྱོགས་ཐད་ཀྲུང་གོས “གལ་ཆེ་མཉམ་གཉིས ”མཐའ་འཁྱོངས་བྱ་རྒྱུ་ཡིན་པ་སྟེ། གཅིག་ནི་ནང་འདྲེན་དང་ཕྱིར་གཏོང་གཉིས་གལ་ཆེ་མཉམ་དུ་འཛིན་ནས་ཕྱིར་གཏོང་བརྟན་པོ་ཡོང་བ་བྱེད་པ་དང་ཆབས་ཅིག་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་དེ་བས་སྣང་ཆེན་བྱེད་པ་དང་། གཉིས་ནི་ཕྱི་ཕྱོགས་ཀྱི་མ་དངུལ་བསྡུ་བ་དང་ཕྱི་ཕྱོགས་ལ་མ་དངུལ་གཏོང་རྒྱུ་གཉིས་གལ་ཆེ་མཉམ་དུ་འཛིན་ནས་ཕྱི་ཕྱོགས་ཀྱི་མ་དངུལ་བསྡུ་བའི་གཞི་ཁྱོན་བརྟན་དུ་དང་ཆེ་རུ་གཏོང་བ་དང་ཆབས་ཅིག་ཀྲུང་གོའི་ཁེ་ལས་ཕྱི་རྒྱལ་དུ་མ་དངུལ་གཏོང་བར་བསྐྱོད་རྒྱུར་དེ་བས་སྣང་ཆེན་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

        ཁྲེན་ཏེ་མིང་གིས་ཁུང་ཙེས “སུམ་ཅུར་སླེབས་དུས་རང་ཚུགས་ཐུབ་པ་དང་། བཞི་བཅུར་སླེབས་དུས་སོམ་ཉིའི་རྒྱ་ལས་གྲོལ ”ཞེས་གསུངས་མྱོང་ཡོད། འཛམ་གླིང་ཚོང་དོན་ཚོགས་པའི་ཁོངས་མིའི་ཕོ་ཉས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དེ་མི་ལོ་སུམ་ཅུའི་དུས་ལས་བརྒལ་ནས་སོམ་ཉིའི་རྒྱ་ལས་གྲོལ་བའི་འགྲན་སློང་འཕྲད་བཞིན་ཡོད་ཅེས་གསུངས། ཁོང་གིས “སྒྱུར་བཅོས ”དང “སྒོ་དབྱེ ”ཚིག་གཉིས་པོ་སྔ་ས་ནས་ཀྲུང་གོ་མི་དམངས་ཀྱི་རྒྱ་ཁྱབ་དང་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ནས་དེར “ཐེ་ཚོམ ”བྱེད་ཀྱི་མེད། ཀྲུང་གོ་འདི་ཉིད་བློ་བརྟན་འགྱུར་མེད་ངང་ལམ་བུ་དེའི་ཐོག་མུ་མཐུད་བསྐྱོད་ནས་དེ་བས་ཧུར་བརྩོན་དང་རང་འགུལ་གྱི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱས་ཏེ་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྒྱུར་བཅོས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་ལ་བརྟེན་ནས་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གཉིས་ཁེ་གཉིས་ཕན་གྱི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་བྱ་རྒྱུ་ཡིན་པ་རེད། ཀྲུང་གོ་འདི་ཉིད་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་ནས་ལོ་10སོང་བ་ནི་ཀྲུང་གོས་ཨེ་ཤེ་ཡ་དང་ཐ་ན་འཛམ་གླིང་དང་དར་རྒྱས་མཉམ་དུ་ལོངས་སྤྱོད་བྱེད་པའི་ལོ་10ཡིན་ལ་དཔལ་འབྱོར་གོ་ལ་ཅན་དང་ས་ཁོངས་དཔལ་འབྱོར་གཞི་ཅིག་ཅན་གྱིས་རྒྱལ་ཁབ་དང་ས་ཁུལ་ཡོངས་ལ་ཕན་པ་སྐྲུན་པའི་མིག་དཔེ་ཞིག་ཡིན་པའི་ངོས་འཛིན་གནང་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།