དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • འཛམ་གླིང་མཁའ་འགྲུལ་ལས་རིགས་ཀྱིས་ཀྲུང་གོའི་ཁྲོམ་རར་སྣང་ཆེན་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཝང་ཧུའེ་ཡིས།   |     སྤེལ་དུས།  2015-05-15

        ཚེས་7ཉིན་གྲོལ་བའི་རྒྱལ་སྤྱིའི་མཁའ་འགྲུལ་སྐྱེལ་འདྲེན་མཐུན་ཚོགས་ཀྱི་སྐབས་དྲུག་བཅུ་རེ་བདུན་པའི་ལོ་ཚོགས་དང་འཛམ་གླིང་མཁའ་འགྲུལ་སྐྱེལ་འདྲེན་དབུ་ཚོགས་ཐོག་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་ཀྲུང་གོའི་ཁྲོམ་རའི་དགོས་མཁོ་སྐོང་རྒྱུར་མཁའ་འགྲུལ་ཀུང་སི་ཆེ་གྲས་ཁག་གིས་སྣང་ཆེན་བྱེད་ཅིང་། ལྟེ་བའི་དྲ་བ་ཀྲུང་གོའི་གྲོང་ཁྱེར་མང་དག་ཅིག་ལ་ཁྱབ་སྐྱེད་གཏོང་རྒྱུ་དེ་ཚོགས་ཞུགས་མི་སྣ་ཚང་མའི་བསམ་འདུན་ཞིག་ཏུ་གྱུར་ཡོད་པ་རེད།

        རྒྱལ་སྤྱིའི་མཁའ་འགྲུལ་མཐུན་ཚོགས་ཀྱིས་དབྱེ་ཞིབ་བྱས་པར་གཞིགས་ན། མྱུར་བགྲོད་ལྕགས་ལམ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་སྦྲགས་རྒྱལ་ནང་གི་ལམ་ཐག་འབྲིང་ཐུང་གི་མཁའ་ལམ་ཐད་ཀྲུང་གོ་མཁའ་འགྲུལ་ཀུང་སིར་འགྲན་སློང་འཕྲད་རྒྱུ་ཡིན་ཞིང་། ཐག་རིང་གི་མཁའ་ལམ་ཁྲོམ་ར་རྒྱ་ཆེར་གཏོང་རྒྱུ་དང་ལྷག་པར་དུ་རྒྱལ་སྤྱིའི་ཁྲོམ་ར་དེ་ཀྲུང་གོ་མཁའ་འགྲུལ་ཀུང་སིའི་འཕར་གཞི་གསར་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད། ཀྲུང་གོ་མཁའ་འགྲུལ་སྐྱེལ་འདྲེན་མཐུན་ཚོགས་ཀྱི་དྲུང་ཆེ་ཝུའེ་ཀྲེན་ཀྲུང་གིས་ད་ལྟ་ཡོ་རོབ་མནའ་འབྲེལ་ཁྲོམ་རར་མཁའ་དབང་ལྡན་པའི་ཀྲུང་གོ་མཁའ་འགྲུལ་ཀུང་སི་16ཡོད་པ་དེའི་ནང་ཀུང་སི་11གིས་དུས་བཀག་མཁའ་ལམ་བཏོད་ཡོད་ཅེས་གསར་འགོད་པར་བཤད། རྒྱལ་ཁབ་མཁའ་འགྲུལ་ཀུང་སིའི་སྤྱི་ཁྱབ་གཞོན་པ་ཀྲའོ་ཞའོ་ཧང་གིས་རྒྱལ་སྤྱིའི་འགྲུལ་སྐྱེལ་ཁྲོམ་རའི་ནང་རང་རྒྱལ་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་འདི་ལོ་གྲངས་གཞི་གཉིས་ཀྱི་ཐོག་ནས་འཕར་རྒྱུ་ཡིན་པ་དང་ཆབས་ཅིག་རྒྱལ་སྤྱིའི་ལས་སྒོའང་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུ་རེད་ཅེས་བཤད། ཁོང་གིས་མྱུར་བགྲོད་ལྕགས་ལམ་འཕེལ་རྒྱས་ཕྱིན་པ་དེ་ལས་ལྟེ་བའི་ས་ཚིགས་རབ་དང་རིམ་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཐེབས་སྲིད་ལ་བསྡུ་འགྲེམས་ཀྱི་ཕན་ནུས་ཤིག་ཀྱང་ཐོན་སྲིད། དེ་མཁའ་འགྲུལ་ལས་རིགས་ཀྱི་ངོས་ནས་བརྗོད་ན་འགྲན་སློང་ཞིག་རེད་ལ་གོ་སྐབས་ཤིག་ཀྱང་རེད། གལ་སྲིད་མཁའ་ལམ་དང་ལྕགས་ལམ་མཉམ་འདྲེན་འཛུགས་སྐྲུན་ལ་ཕན་འབྲས་ཐོབ་ན་མཁའ་འགྲུལ་ལས་རིགས་དང་། ལྕགས་ལམ་ལས་རིགས། དེ་བཞིན་འགྲུལ་པ་བཅས་གསུམ་པོ་ཚང་མར་ཕན་པ་ཐོབ་པའི་རྣམ་པ་ཞིག་ཐོན་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།