དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རྒྱ་གར་གྱིས་2020ལོའི་གོང་དུ་དབུལ་པོའི་སྡོད་ས་མེད་པ་བཟོ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        གྲོང་ཁྱེར་གྱི་དབུལ་པོའི་སྡོད་ས་མེད་པ་བཟོ་ཆེད་ཉེ་ཆར་རྒྱ་གར་སྲིད་གཞུང་གིས་ནང་བློན་ཚོགས་འདུའི་ཐོག་སྡོད་ཁང་གི་འཆར་གཞིའི་དུས་མཚམས་དང་པོའི་ལག་བསྟར་ཇུས་གཞི་ཞིག་ལ་གྲོས་འཆམ་བྱས་ཏེ་མ་འོངས་ལོ་ལྔའི་ནང་གྲོང་ཁྱེར་གྱི་དབུལ་པོ་སྡོད་སའི་གྲོང་མིར་མ་གནས་དམའ་བའི་སྡོད་ཁང་སྐྲུན་ནས་འཐུང་ཆུ་དང་གློག་དེ་བཞིན་འཕྲོད་བསྟེན་སོགས་གཞི་རྩའི་འཚོ་བའི་སྒྲིག་ཆས་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

        《རྒྱ་གར་སྐབས་དོན་ཚགས་པར 》ཐོག་འཆར་གཞི་དེས་རྒྱ་གར་གྱི་གྲོང་ཁྱེར་དང་གྲོང་རྡལ་250ཁྲོད་དབུལ་པོ་སྡོད་སའི་གྲོང་མི་ཁྲི་3200ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་ཡིན་ཞེས་འཁོད་ཡོད། “ལ་ཅི་ཕུའུ་གྲོང་ཁྱེར་གྱི་སྡོད་ཁང་ལས་གྲྭའི ”འཆར་གཞི་དེ་བརྒྱུད་རྒྱ་གར་ཀྲུང་དབྱང་སྲིད་གཞུང་གིས་དབུལ་པོ་སྡོད་སའི་སྒྱུར་བཅོས་ནང་ཞུགས་འདོད་ཡོད་པ་དང་འབྲེལ་དབུལ་པོ་སྡོད་སའི་གྲོང་མིར་ཁང་པའི་བདག་དབང་སྤྲོད་འདོད་ཡོད་པའི་ས་གནས་སྲིད་གཞུང་ཁག་གཅིག་ལ་ནོར་སྲིད་ནས་ཆ་ཤས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། ཞིབ་ཕྲ་བརྗོད་ན། ཀྲུང་དབྱང་སྲིད་གཞུང་གིས་དབུལ་པོ་སྡོད་སའི་སྒྱུར་བཅོས་ལས་གྲྭའི་ཐད་མ་དངུལ་ཕྱེད་ཀ་གཏོང་རྒྱུ་ཡིན་པ་དང་དེ་བྱིངས་སྒེར་གཉེར་སྡེ་ཚན་ལ་མ་འཇོག་ནང་ཞུགས་རྒྱུར་ལྕག་སྐུལ་བྱ་རྒྱུ་ཡིན་ཁར་ས་གནས་སྲིད་གཞུང་གིས་མ་དངུལ་དོ་དམ་དང་། ཞིབ་བཤེར། ལྟ་སྐུལ་བཅས་ཀྱི་ལས་དོན་གྱི་འགན་ཞིབ་ཕྲ་འཁུར་རྒྱུ་ཡིན་པ་དང་འབྲེལ་གྲོང་མི་དབུལ་པོར་ཁང་པའི་བདག་དབང་ཐོབ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།

        འཆར་གཞི་གཞིར་བཟུང་། སྲིད་གཞུང་གིས་ལོ་འཁོར་དེའི་ནོར་སྲིད་ནས་ལུའུ་པི་དུང་ཕྱུར་80(ལུའུ་པི་གཅིག་དེ་མི་དམངས་ཤོག་སྒོར་0.15དང་མཚུངས )གཏོང་རྒྱུ་དང་འབྲེལ་བསྡོམས་ལུའུ་པི་དུང་ཕྱུར་100ཟིན་པའི་ཁག་ཐེག་ཐེབས་རྩ་བཙུགས་ནས་གྲོང་མི་དབུལ་པོ་རྣམས་ལ་དངུལ་རྩའི་སྒྲིག་གཞི་ནས་སྡོད་ཁང་ཉོ་བའི་དངུལ་བུན་ལེན་རྒྱུའི་རོགས་རམ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།