དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཞི་བདེར་སྐུལ་འདེད་གཏོང་བར་འཇམ་འཐབ་ཀྱི་བསམ་བློ་ལས་སྒྲོལ་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  སིང་ཀ་ཕོར་ལ་ཆེད་གཏོང་བྱས་པའི་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཝུའུ་ཁྲེང་ལེའང་གིས།   |     སྤེལ་དུས།  2015-05-15

        2011ལོའི་ཨེ་ཤེ་ཡའི་བདེ་འཇགས་ཚོགས་ཆེན (ཤམ་བྷ་ལའི་གླེང་མོལ་ཚོགས་འདུ )ཚེས་5ཉིན་སིང་ཀ་ཕོར་མཇུག་འགྲིལ་ཞིང་། དུས་ཡུན་ཉིན་གསུམ་རིང་གི་གླེང་མོལ་ཚོགས་འདུའི་ཐོག་ཚོགས་འདུར་ཞུགས་མཁན་ཚོས་ཕྱོགས་མང་དང་ཕྱོགས་གཉིས་པོའི་དབར་འགོག་སྲུང་ལས་དོན་གྱི་མཉམ་ལས་ཐད་གླེང་མོལ་གཏིང་ཟབ་བྱས་པ་དང་། ཚོགས་འདུ་གཙོ་གཉེར་བྱེད་མཁན་ཕྱོགས་ཏེ་ལུན་ཏུན་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་འབུམ་རམས་པ་ཆི་ཕུའུ་མན་གྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་རྒྱལ་ཁབ་ཀྱིས་གླེང་མོལ་གྱི་སྟེགས་བུ་དེ་སྤྱད་དེ་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དོགས་གཞི་བསལ་ནས་ཕན་ཚུན་དབར་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཕན་པ་ཡོད་ཅེས་གསུངས་པ་རེད།

        ཀྲུང་གོ་ཕྱོགས་ཀྱིས་ཞི་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་རྒྱུའི་ནན་བཤད་བྱས་པ།

        རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲུང་པུའུ་ཀྲང་གཅིག་ལྕོགས་ཧྲང་ཅང་དམག་དཔོན་ལེའང་ཀོང་ལེས་ཀྲུང་གོའི་སྐུ་ཚབ་ཚོགས་པའི་སྣེ་འཁྲིད་དེ་གླེང་མོལ་ཚོགས་འདུར་ཞུགས་པ་དེ་ནི་ཀྲུང་གོའི་རྒྱལ་སྲུང་པུའུ་ཀྲང་ཚོགས་འདུར་ཞུགས་ཐེངས་དང་པོ་ཡིན་ཞིང་། ལེའང་ཀོང་ལེ་ཡིས་ཚོགས་འདུར་ཕེབས་པའི་རྒྱལ་ཁབ་གཞན་གྱི་རྒྱལ་སྲུང་པུའུ་ཀྲང་དང་མཐོ་རིམ་དཔོན་རིགས་དང་ཕྱོགས་གཉིས་པོའི་ཐུག་འཕྲད་ཐེངས་མང་གནང་ནས་ཕྱོགས་གཉིས་པོའི་དམག་དོན་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་དང་ཐུན་མོང་ཐོག་སེམས་ཁུར་བྱེད་པའི་གནད་དོན་གཞན་གྱི་ཐད་ལྷག་བསམ་ཟོལ་མེད་ངང་དགོངས་འཆར་སྤེལ་རེས་གཏིང་ཟབ་གནང་བ་དང་། ད་རེས་ཀྱི་ཚོགས་འདུའི་ཐོག “ཀྲུང་གོའི་རྒྱལ་སྤྱིའི་བདེ་འཇགས་མཉམ་ལས ”ཞེས་པའི་ཆེད་དོན་བཀོད་སྒྲིག་བྱས་པ་དེའི་ཐོག་ལེའང་ཀོང་ལེ་ཡིས་གདན་ཞུས་ལྟར་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་ནས་ཀྲུང་གོའི་རྒྱལ་སྲུང་སྲིད་ཇུས་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་བདེ་འཇགས་མཉམ་ལས་ཐད་ཀྱི་ཀྲུང་གོའི་རྩ་དོན་དང་འདོད་ཚུལ་ལ་ཕྱོགས་ཡོངས་ནས་རྒྱས་བཤད་གཏིང་ཟབ་གནང་ཞིང་། དེ་ནི་ཀྲུང་གོའི་དམག་དཔུང་གིས་ས་ཁུལ་གྱི་བདེ་འཇགས་ཐད་ཕན་ཚུན་ཡིད་ཆེས་དང་མཉམ་ལས་བྱེད་པར་གཞོལ་བའི་འབད་བརྩོན་ཆེན་པོ་ཞིག་ཡིན་པ་དེ་ཐོག་ནས་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་དང་དེར་སྐུལ་འདེད་གཏོང་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱེད་པ་མཚོན་གྱི་ཡོད། རྒྱལ་སྲུང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཨོའུ་དབྱང་ཝུའེ་ཡིས་ཚོགས་འདུར་ཞུགས་མཁན་སྐུ་ཚབ་ཚོགས་པའི་རིམ་པ་མཐོ་རུ་བཏང་བ་དེ་ཐོག་ནས་ཀྲུང་གོས་ཕྱོགས་མང་གི་བདེ་འཇགས་མཉམ་ལས་ལམ་སྲོལ་ནང་ཧུར་ཐག་ཞུགས་པ་དང་དམ་པ་དོན་གཉེར་གྱི་མཉམ་ལས་བྱེད་པའི་རྣམ་འགྱུར་མངོན་ཡོད་ཅེས་གསུངས་པ་རེད།

        ཨ་རིས་མནའ་འབྲེལ་རྒྱལ་ཁབ་ལ་ཡིད་ཆེས་བརྟན་དུ་གཏོང་རྒྱུའི་སྐོར་གླེང་བ།

        ཟླ་དེའི་ཟླ་མཇུག་ཏུ་ལས་འགན་ཕྱིར་འཐེན་བྱེད་མཁན་ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ལུའོ་པུའོ་ཐེ ·ཀའེ་ཚེ་ཡང་ད་རེས་ཀྱི་གླེང་མོལ་ཚོགས་འདུར་ཞུགས་ཤིང་། ཚེས་4ཉིན་ཁོང་གིས་ཚོགས་འདུའི་ཐོག་ཨ་རིས་དམག་གྲོན་ཉུང་དུ་བཏང་བ་དང་དེ་བཞིན་དབྱི་རག་དང་ཨ་ཧྥུ་ཧན་དམག་འཁྲུག་གིས་རྐྱེན་པས་ཨེ་ཤེ་ཡའི་མནའ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ཐད་ཀྱི་ཁས་ལེན་ཉམས་ཞན་དུ་གཏོང་མི་སྲིད་པ་དང་། ཨ་རིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རང་ཉིད་ཀྱི་དམག་དོན་གནས་ཤུགས་དང་དམག་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་དང་། དེ་གའི་གླེང་ཕྱོགས་ཀྱིས་2011ལོར་ཨ་རི “ཨེ་ཤེ་ཡར་ཕྱིར་ལོག་བྱེད་པའི ”གོམ་སྟབས་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་པར་དོ་སྣང་བྱུང་ཡོད། ཨ་རིའི་ཙུང་ཐུང་ཨའོ་པ་མ་འདི་ལོའི་དུས་ཚོད་ཕྱི་ཙམ་དུ་ཧིན་རྡུ་ཉི་ཞི་ཡའི་པ་ལེ་གླིང་ཕྲན་དུ་འཚོག་རྒྱུའི་ཨེ་ཤེ་ཡ་ཤར་མའི་དབུ་ཚོགས་ལ་ཕེབས་རྒྱུ་ཡིན་པ་རེད།

        ཕྱོགས་གསུམ་པའི་སྟོབས་ཤུགས་ཀྱིས་ལྷོ་མཚོའི་གནད་དོན་ལ་ཐེ་ཇུས་བྱེད་རིགས་མི་ཐོན་པ་བྱེད་པ།

        ལེའང་ཀོང་ལེ་ཡིས་ཆེད་དོན་གཏམ་བཤད་གནང་ནས་ཀྲུང་གོས་ལྷོ་མཚོའི་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུར་གཞོལ་ཞིང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་གིས་2002ལོར 《ལྷོ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ 》ལ་མིང་རྟགས་བཀོད་ནས་མངའ་ཁོངས་ས་ཆ་དང་རྒྱ་མཚོའི་ཁེ་དབང་ཐད་ཀྱི་རྩོད་གཞིའི་རིགས་ཐད་ཀར་འབྲེལ་བ་ཡོད་པའི་བདག་དབང་རྒྱལ་ཁབ་ཕྱོགས་གཉིས་པོས་མཛའ་གྲོགས་གྲོས་མོལ་བྱས་པ་བརྒྱུད་ཞི་བའི་བྱེད་ཐབས་ལ་བརྟེན་ནས་ཐག་གཅོད་བྱ་རྒྱུ་དང་། རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་གཏན་འཁེལ་ལ་གཞིགས་ནས་ལྷོ་མཚོར་འགྲུལ་བཞུད་བྱེད་པ་དང་དེ་བཞིན་འཕུར་བསྐྱོད་ཀྱི་རང་དབང་ལ་བརྩི་འཇོག་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཅེས་གསུངས་པ་དང་། ཁོང་གིས་མིག་སྔར་ལྷོ་ཚོའི་དུས་བབ་སྤྱིར་ན་བརྟན་པོ་ཡོད་པ་དང་ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང 《ལྷོ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ 》དོན་འཁྱོལ་བྱ་རྒྱུའི་ཐད་གླེང་མོལ་དང་གྲོས་མོལ་ཧུར་ཐག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད་ཅེས་གསུངས་པ་རེད།

        ཨེ་ཤེ་ཡ་འཇམ་འཐབ་དུས་རབས་ཀྱི་རྣམ་པར་ཕྱིར་ལོག་བྱེད་མི་སྲིད།

        ཨེ་ཤེ་ཡའི་རྒྱལ་ཁབ་ལ་ལས་ཨ་རིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་བྱ་བའི་ནང་ཞུགས་ཤུགས་ཆེ་རུ་བཏང་བར་རྒྱབ་སྐྱོར་བྱས་ཏེ་དེ་ས་ཁུལ་དེ་གའི་ས་ཁམས་ཆབ་སྲིད་ཀྱི་རྣམ་པ་དོ་སྙོམས་ཡོང་བ་བྱེད་རྒྱུར་ཕན་པ་ཡོད་པའི་ངོས་འཛིན་བྱས་ཡོད་པ་དང་། སིང་ཀ་ཕོར་གྱི་རྒྱལ་སྲུང་པུའུ་ཀྲང་ཧོང་ཡུང་ཧུང་གིས་ཀའེ་ཚེ་དང་ཕྱོགས་གཉིས་པོའི་ཐུག་འཕྲད་བྱེད་སྐབས་ཨ་རིས་ཨེ་ཤེ་ཡར་དམག་དོན་གནས་རྒྱ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་བསྐྱར་བཤད་བྱས་པ་རེད།

        ཝུའུ་ཤིན་པོ་ཡིས་མི་ལ་ལར “དཔལ་འབྱོར་ཐད་ཀྲུང་གོར་བརྟེན་ནས་ཕྱུག་པོར་འགྱུར་བར་བྱེད་པ་དང་བདེ་འཇགས་ཐད་ཨ་རིར་བརྟེན་ནས་སྲུང་སྐྱོབ་ཐོབ་པ་བྱེད་པའི ”ཪྙོག་འཛིང་ཆེ་བའི་སེམས་པ་ཡོང་སྲིད་མོད། འོན་ཀྱང་དུས་རབས་ཀྱི་ཁོར་ཡུག་ཆེན་པོའི་དབང་གིས་ཨེ་ཤེ་ཡ་དེ་འཇམ་འཐབ་དུས་རབས་ཀྱི་སྣེ་གཉིས་ཀྱི་རྣམ་པའི་ཐོག་ཕྱིར་ལོག་བྱེད་མི་སྲིད་པའི་ངོས་འཛིན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།