དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཀ་ཏ་མན་རྡུ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད།(འདེམས་འགོད)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        

        འདི་ནི་ཀ་ཏ་མན་རྡུར་འཚོགས་པའི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་བཞུགས་མོལ་ཚོགས་འདུའི་ཚོགས་ར་ཡིན་པ།

        རྩོམ་སྒྲིག་པའི་མཆན།

        ཟླ་5ཚེས་22ཉིན་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་ཉེར་ཡོད་པའི་སྐབས་འདིར་ནེ་པ་ལའི 《མི་དམངས་གཟའ་འཁོར་རེའི་ཚགས་པར 》དང་ཀྲུང་གོ་བོད་ལྗོངས་དཔེ་ཚོང་ཁང་གིས་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུར་ཞུགས་མཁན་རིག་གནས་པ་དང་གསར་འགོད་པས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་གལ་ཆེའི་དོན་སྙིང་དང་ཀྲུང་གོ (བོད་ལྗོངས )དང་ནེ་པ་ལའི་དབར་གྱི་འབྲེལ་བའི་ཐད་ངོ་མཚར་ཆེ་བའི་གཏམ་བཤད་གནང་བ་རེད།

        ཚོགས་འདུར་ཞུགས་མཁན་ཚོས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་སྤྲོ་སེམས་ཆེན་པོས་རྟེན་འབྲེལ་དང་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྱི་འཚོ་བ་གསར་པར་བསྔགས་བརྗོད་གནང་བ་དང་འབྲེལ་བོད་འདི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་ཏཱ་ལའི་རུ་ཚོགས་ཀྱིས “བོད་རང་བཙན ”གྱི་རེ་ངན་བཅངས་པ་ནི་གཞི་འཛིན་ས་སྤུ་ཙམ་ཡང་མེད་པ་ལོ་རྒྱུས་ཀྱི་ཐོག་ནས་ར་སྤྲོད་བྱུང་ཡོད་ཅེས་གསུངས་པ་རེད།

        《མི་དམངས་གཟའ་འཁོར་རེའི་ཚགས་པར 》གྱི་རྩོམ་སྒྲིག་པ་གཙོ་བོ་སྐུ་ཞབས་ཕུའུ་ཤིས་པ ·ལ་ཅི་·ཕུའུ་ལ་ཏེ་ཧན། སྐད་གྲགས་ཡོད་པའི་རྩོམ་པ་པོ་ཞིག་གིས “ལོ་60གོང་དུ་བོད་འདི་དབུལ་ཕོངས་རྗེས་ལུས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ནས་བཅིངས་འགྲོལ་ཐོབ་པ་དེ་ནི་སྐྱེ་བོ་ཀུན་གྱིས་མཐོང་ཐུབ་པའི་དོན་ངོ་མ་ཞིག་རེད ”ཅེས་བྲིས་ཡོད། ང་ཡང་བོད་དུ་བཅར་འདྲི་བྱེད་པར་ཐེངས་གསུམ་འགྲོ་མྱོང་ཡོད། ལོ་15གོང་དུ་ང་བོད་དུ་བཅར་འདྲི་བྱེད་པར་ཐེངས་དང་པོ་འགྲོ་སྐབས་དེ་གར་གནམ་ཐང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་གྲང་ངར་ཆེ་བའི་དགུན་དུས་སུ་ང་ཚོ་གནམ་ཐང་ནས་ཚོམས་ཆེན་དུ་སྐྱོད་སྐབས་རྐང་ཐང་མར་འགྲོ་དགོས་པ་དང་གནམ་ཐང་གི་སྒྲིག་བཀོད་ཀྱང་ཧ་ཅང་ཐབས་ཆག་ཡིན་པས་གསང་སྤྱོད་ནང་ཆུ་མེད་པ་དང་ཁོར་ཡུག་འཕྲོད་བསྟེན་ཡང་ཧ་ཅང་ཞན་པོ་འདུག མགྲོན་ཁང་ནང་དུའང་མཚན་མོར་གཞི་ནས་ཆུ་ཚ་པོ་མཁོ་འདོན་བྱེད་ཀྱི་ཡོད། དགུང་ཟས་སམ་ཡང་ན་དགོང་ཟས་སྐབས་མགྲོན་ཁང་གིས་ང་ཚོར་ཤ་སོས་པ་མཁོ་འདོན་མི་བྱེད་པའི་སྐོར་ལས་དོན་མི་སྣར་འདྲི་སྐབས་ཁོང་ཚོས་སྐྱེལ་འདྲེན་གྱིས་རྐྱེན་པས་བོད་དུ་ཤ་སོས་པ་མཁོ་འདོན་བྱ་རྒྱུར་དཀའ་ངལ་ཆེན་པོ་ཡོད་ཅེས་བཤད་བྱུང་།

        ལོ་ལྔའི་གོང་དུ་ང་བོད་དུ་ཐེངས་གསུམ་པ་སྐྱོད་པ་ཡིན། སྐབས་དེར་བོད་དུ་དེང་རབས་ཅན་གྱི་རྒྱལ་སྤྱིའི་གནམ་ཐང་བསྐྲུན་ཡོད་པ་མ་ཟད། གནམ་ཐང་གཙང་ཞིང་བཀོད་པ་ཡང་ཧ་ཅང་ཡག་པོ་འདུག མགྲོན་ཁང་ནང་ཆུ་ཚོད་24རིང་ཆུ་ཚ་པོ་མཁོ་འདོན་བྱེད་པ་དང་དགུང་བཟས་དང་དགོང་ཟས་སྐབས་ཤ་སོས་པ་ཡོད་ལ་ད་དུང་ཤིང་ཏོག་ངང་ལག་མ་དང་ཤིས་ཀྭ་སོགས་ཤིང་འབྲས་སོས་པ་མཁོ་འདོན་བྱ་རྒྱུ་འདུག ངས་སླར་ཡང་མགྲོན་ཁང་གི་ལས་དོན་མི་སྣར་འདྲི་སྐབས་ཁོང་གིས་མ་ལེ་ཞི་ཡ་ནས་ནང་འདྲེན་བྱས་པའི་ཤིང་ཏོག་ངང་ལག་མ་དང་པང་ཁོག་ནས་ནང་འདྲེན་བྱས་པའི་ཤིས་ཀྭ་རེད་ཅེས་བརྗོད་ཀྱི་འདུག འཕོ་འགྱུར་ཆེན་པོ་དེ་དག་ངའི་བསམ་ཡུལ་ལས་འདས་སོང་།

        ད་ལྟའི་བོད་ཀྱི་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ལ་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་སྟེ་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་འདུག ཀྲུང་དབྱང་གིས་ལྷག་པར་དུ་བོད་ཀྱི་འཕྲོད་བསྟེན་དང་སློབ་གསོའི་ཐད་གཏོང་ཤུགས་ཆེན་པོ་བཏང་སྟེ་བོད་དུ་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་མང་པོ་བཙུགས་ཡོད། ཚང་མས་མཁྱེན་གསལ་ལྟར་འཕྲོད་བསྟེན་སྨན་བཅོས་དང་འོས་འགན་སློབ་གསོའི་ཐད་བོད་མི་དམངས་ལ་གཟིགས་སྐྱོང་གི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་སྤྱིར་བཏང་མང་ཚོགས་ལ་རོགས་དངུལ་མང་པོ་ལེན་རྒྱུ་ཡོད་པས་འཚོ་བའི་སྤུས་ཚད་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། གྲོང་ཁྱེར་དུ་སྡོད་མཁན་མི་རྣམས་ཀྱིས་དེང་རབས་ཅན་གྱི་འཚོ་བ་སྐྱེལ་གྱི་ཡོད། ཀྲུང་དབྱང་གིས་སྔ་ཕྱི་བར་གསུམ་དུ་བོད་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་སྐྱེ་བོ་ཚང་མར་ཆོས་དད་རང་མོས་ཀྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་ནི་བོད་ཀྱི་གཟི་བརྗིད་ཞིག་ཡིན་པས་བོད་དང་ནང་ས་དང་ལྷག་པར་དུ་མཚོ་རྒྱུད་གྲོང་ཁྱེར་དང་སྤེལ་རེས་འགྲོ་འོང་དང་དངོས་ཟོག་སྐྱེལ་འདྲེན་གྱི་འགྲོ་ལམ་ཆེན་པོ་ཞིག་ཏུ་གྱུར་ཡོད། མིག་སྔར་བོད་ཀྱིས་མཚོ་བོད་ལྕགས་ལམ་གྱི་ནུབ་རྒྱུད་ལྕགས་ལམ (ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ )སྐྲུན་བཞིན་ཡོད་པས་ནེ་པ་ལ་དང་ཨེ་ཤི་ཡ་ལྷོ་མའི་རྒྱལ་ཁབ་དང་འབྲེལ་མཐུད་བྱེད་པའི་སྒྲོག་ཐག་ལྟ་བུར་འགྱུར་ངེས་རེད། བོད་ལ་ད་ལྟའི་འཕེལ་རྒྱས་དང་གྲུབ་འབྲས་ཐོབ་པ་ནི་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རྒྱལ་ཡོངས་ས་གནས་ཁག་གིས་བོད་ལ་རྒྱབ་སྐྱོར་ཤུགས་ཆེ་བྱེད་པ་དང་ཁ་འབྲལ་ཐབས་མེད། ད་ལྟའི་བོད་གསར་པ་འདི་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་སྲོལ་ལམ་ཞིག་ཏུ་སླེབས་ཡོད།

        བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་བར་གྱི་འཕོ་འགྱུར་ཆེན་པོ་དེ་བོད་ཀྱིས་དུས་ཐུང་ལོ་60ལས་སྤྱད་མེད་པར་ལོ་ངོ་སྟོང་མཆོང་སྐྱོད་བྱེད་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་མངོན་འགྱུར་བྱུང་ཡོད།

        བོད་ཀྱི་རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་1951ལོའི་སྒོར་དུང་ཕྱུར་1.29ནས་2010ལོའི་སྒོར་དུང་ཕྱུར་507.46བར་འཕར་ཡོད། བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་སུ་མི་དམངས་ནི་ཞིང་བྲན་དང་བྲན་གཡོག་ཡིན་པ་ལས་གཞན་གང་ཡང་མེད། ད་ཆ་བོད་ཀྱི་མི་དམངས་རྣམས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བར་རོལ་གྱི་ཡོད་ནའང་ནུབ་ཕྱོགས་རྒྱལ་ཁབ་ཁག་གཅིག་གིས་གཞན་ལ་ཤོད་མི་ཕོད་པའི་ཁོང་ཚོའི་རེ་ངན་གྱི་ཆེད་དུ “བོད་ཡུལ་གྱར་སྲིད་གཞུང ”དང་ཏཱ་ལའི་བླ་མ་ལག་ཆར་བརྩིས་ནས་ནེ་པ་ལ་རུ་ཀྲུང་གོར་འགལ་རྐྱེན་བཟོ་བ་དང་བོད་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་སྤེལ་རྒྱུའི་ལྐོག་གཡོ་འཆང་གི་ཡོད། གཞུང་ཕྱོགས་མིན་པའི་རྩ་འཛུགས་དང་འགྲོ་བ་མིའི་ཐོབ་ཐང་ཟེར་བའི་རྩ་འཛུགས་ཁག་གཅིག་གིས་བོད་རང་བཙན་གྱི་བྱེད་སྤྱོད་ལ་མ་དངུལ་གཏོང་བ་དང་བོད་རང་བཙན་གྱི་གཏམ་བརྗོད་བཀྲམ་ནས་བོད་རང་བཙན་གྱི་བྱེད་སྤྱོད་ངན་སློང་བྱེད་ཀྱི་ཡོད། ནེ་པ་ལ་དང་ཀྲུང་གོའི་དབར་མཛའ་གྲོགས་ཟབ་མོ་ལྡན་པས་ནེ་པ་ལའི་སྲིད་གཞུང་གིས་བྱེད་ཐབས་མང་པོ་སྤྱད་དེ་ཁྲིམས་འགལ་བྱེད་སྤྱོད་དེ་རིགས་ལ་རྡུང་རྡེག་གཏོང་བའི་སྲིད་གཞུང་གི་ལངས་ཕྱོགས་ལ་ང་ཚོས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།

        ནུབ་ཕྱོགས་རྒྱལ་ཁབ་ཁག་གཅིག་གིས་མ་དངུལ་འབོར་ཆེན་བཏང་ནས “བོད་རང་བཙན ”ཟེར་བའི་བྱེད་སྤྱོད་ལ་རྒྱབ་སྐྱོར་བྱེད་པ་ནི་བོད་འདི་ཉིད་འཕེལ་རྒྱས་དེ་བས་ལེགས་པ་འགྲོ་ཆེད་མ་ཡིན་པར་གཞན་ལ་ཤོད་མི་ཕོད་པའི་ཁོ་པ་ཚོའི་རེ་ངན་ཆེད་དུ་ཡིན་པ་དེ་ནེ་པ་ལར་ཡོད་པའི་བོད་རིགས་སྤུན་ཟླས་གསལ་པོར་རྟོགས་པ་བྱས་ནས་གཞན་གྱི་མགོ་སྐོར་འོག་མ་ཚུད་པ་བྱེད་དགོས།

        ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་འགྲོ་བ་བཅས་ཀྱི་ཀྲུང་གོ་འདི་ཉིད་ནེ་པ་ལའི་ཁེ་ཕན་དང་མཐུན་ཡོད། དེའི་ཐད་ནེ་པ་ལའི་སྤྱི་ཚོགས་སུ་རྒྱ་ཆེའི་ངོས་འཛིན་གཅིག་མཐུན་བྱུང་བ་དང་སྲིད་གཞུང་གིས “བོད་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི ”ལངས་ཕྱོགས་མཐའ་འཁྱོངས་བྱས་ནས་བོད་རང་བཙན་གྱི་བྱེད་སྤྱོད་ལ་བཀག་འགོག་བྱེད་ཤུགས་ཆེ་རུ་གཏོང་རེ་ཡོད།

        ནེ་པ་ལ་ནི་སྐམ་སའི་ནང་ཁུལ་གྱི་རྒྱལ་ཁབ་ཅིག་ཡིན་པས་བོད་ཀྱི་འགྲིམ་འགྲུལ་དྲ་བ་མགྱོགས་མྱུར་འཕེལ་རྒྱས་སོང་བ་ལས་ཕན་པ་ཐོབ་པ་དང་ནེ་པ་ལས་ཀྲུང་གོ་དང་ལྷག་པར་དུ་ཀྲུང་གོའི་བོད་དང་ཉོ་ཚོང་བྱེད་པའི་འབོར་གྲངས་ལོ་རེ་བཞིན་འཕར་གྱི་ཡོད། ནེ་པ་ལ་དེ་རིམ་བཞིན་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་དབར་ཉོ་ཚོང་གི་བབ་རྒྱུད་ས་ཚིགས་ཤིག་ཏུ་འགྱུར་བཞིན་ཡོད།

        ཡུལ་སྐོར་ཐད་ནེ་པ་ལ་དང་ཀྲུང་གོའི་དབར་མཉམ་ལས་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཡག་པོ་ཞིག་བཙུགས་ཡོད་པས་ནེ་པ་ལས་བོད་འདི་བརྒྱུད་ཀྲུང་གོའི་ནང་སའི་ཡུལ་སྐོར་བ་དེ་བས་མང་བ་ཞིག་ནེ་པ་ལར་ཡུལ་སྐོར་དང་ལྟ་སྐོར་དུ་ཡོང་རྒྱུ་འགུགས་ཐབས་བྱེད་དགོས།

        རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དབར་འབྲེལ་བ་ཧ་ཅང་ཡག་པོ་ཡོད་པ་ཕུད། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཡང་མཛའ་གྲོགས་ཟབ་མོ་ལྡན་ཡོད། རིག་གནས་སྤེལ་རེས་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལེགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་དཔེར་ན། ཀྲུང་གོའི་བོད་ལྗོངས་དཔེ་ཚོང་ཁང་བཙུགས་པ་དེས་ནེ་པ་ལར་ཀྲུང་གོའི་དཔེ་དེབ་ལྟ་ཀློག་ཐུབ་རྒྱུར་ཐབས་ལམ་ཡག་པོ་ཞིག་མཁོ་འདོན་བྱས་པ་དང་མིག་སྔར་དཔེ་ཚོང་ཁང་གིས 《པེ་ཅིང་གཟའ་འཁོར་རེའི་ཚགས་པར 》ནེ་པ་ལའི་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱེད་ཀྱི་ཡོད།

        ནེ་པ་ལའི་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྐུ་ཞབས་ཤིས་ཝ ·ཀའོ་ལེ། ནེ་པ་ལས་ཐོག་མཐའ་བར་གསུམ་དུ “ཀྲུང་གོ་གཅིག ”གི་ལངས་ཕྱོགས་མཐའ་འཁྱོངས་བྱེད་པ་དང་འབྲེལ་དེར་ནམ་ཡང་འགྱུར་ལྡོག་ཀྱང་གཏོང་མི་སྲིད། ད་ཆ་བོད་འདིར་ཡར་རྒྱས་དང་འཕེལ་རྒྱས་མངོན་གསལ་དོད་པོ་སོང་ཡོད། བོད་འདི་ནེ་པ་ལའི་བྱང་རྒྱུད་དུ་གནས་པ་དང་བོད་ཀྱི་འཕེལ་རྒྱས་ཀྱིས་ནེ་པ་ལའི་འཕེལ་རྒྱས་ལ་རོགས་རམ་དང་སྐུལ་ཁྲིད་ཐེབས་ངེས་ཡིན་སྟབས་ནེ་པ་ལས་བོད་ཀྱི་འཕེལ་རྒྱས་ཉམས་མྱོང་ལ་སློབ་སྦྱོང་ནན་ཏན་བྱེད་དགོས།

        ནེ་པ་ལ —ཀྲུང་གོའི་གླེང་སྟེགས་ཀྱི་ཀྲུའུ་ཞི་སྐུ་ཞབས་ཁེ་ཞ ·ཤིས་རུའེ་ཐ། བོད་ནི་ཀྲུང་གོའི་མངའ་ཁོངས་ཡིན་པ་དེ་དོན་དངོས་ཤིག་ཡིན་པས་མི་སུ་འདྲ་ཞིག་གིས་ཀྱང་ལོ་རྒྱུས་ཀྱི་དོན་དངོས་གང་བྱུང་དུ་གཡོ་བཅོས་སམ་ཡང་ན་མེད་པར་བཟོ་མི་ཐུབ། ལ་ལས་རྟག་ཏུ་བོད་ནི “རང་བཙན་རྒྱལ་ཁབ ”ཅིག་རེད་ཅེས་དྲིལ་བསྒྲགས་བྱེད་པ་དེ་ནི་ནོར་བ་ཞིག་རེད།

        ལོ་གཉིས་གོང་ངས་སྒྲ་ཕབ་ཀྱི་ཐོག་ནས་སྙན་གྲགས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གི་དགེ་རྒན་ཆེ་མོ་བ་ཞིག་ལ་བཅར་འདྲི་ཞུས་པ་ཡིན། ཁོང་གིས་འདྲ་མཉམ་གྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ལྟ་དགོས་པ་ལས་ཕྱོགས་ཞེན་གྱི་ཐོག་ནས་བོད་ལ་ལྟ་སྟངས་འཛིན་མི་རུང་ཞེས་གསུངས་བྱུང་། ང་ཚོས་ངེས་པར་དུ་དངོས་ཡོད་ཀྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་བལྟས་ཏེ་ནུབ་ཕྱོགས་རྒྱལ་ཁབ་ཁག་གཅིག་གིས་བོད་རང་བཙན་གྱི་བྱེད་སྤྱོད་ལ་རྒྱབ་སྐྱོར་བྱེད་པའི་རེ་ངན་ངོ་མ་གསར་པོར་རྟོགས་ཐུབ་པ་བྱེད་དགོས།

        ནེ་པ་ལའི་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་དྲུང་ཆེ་འབུམ་རམས་པ་ཝུའུ་ཕན་ཏེ་ལ ·ཀའོ་ཐ་མུའུ། ང་ཚོས་1792ལོ་དང་། 1856ལོ། 1956ལོ་བཅས་སུ་ཀྲུང་གོ་དང་གྲོས་ཆོད་ཁག་གསུམ་བཞག་ཡོད། གྲོས་ཆོད་ཁག་གསུམ་པོའི་ནང་ནེ་པ་ལས་བོད་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན་པ་གསལ་པོར་བསྟན་ཡོད། ང་བོད་ལ་བཅར་འདྲི་བྱེད་མྱོང་། བོད་ཀྱི་ཆོས་ལུགས་དང་རིག་གནས་ལ་སྲུང་སྐྱོང་དང་རྒྱུན་འཛིན་ནུས་ལྡན་བྱུང་བ་མཐོང་བ་དང་དུས་མཚུངས་དེང་རབས་ཅན་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་ཡང་མཐོང་བྱུང་། ཀྲུང་གོས་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལག་བསྟར་བྱེད་པ་དང་སྦྲགས་བོད་ཀྱིས་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་དང་འབྲེལ་མཐུད་བྱེད་པའི་ཐད་ནུས་པ་དེ་བས་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད།

        ནེ་པ་ལའི་གསར་འགོད་པའི་མཉམ་འབྲེལ་ལྷན་ཚོགས་དང་གསར་བརྗེའི་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ཨོའུ་མུའུ ·ཤར་མ། འདི་ལོ་ངས་བོད་ལྗོངས་ལྷ་སར་ལྟ་སྐོར་དང་བཅར་འདྲི་བྱས་པ་ལས་ང་ལ་དེང་རབས་ཅན་གྱི་གྲོང་ཁྱེར་ཞིག་གི་ཚོར་སྣང་བྱུང་། ང་ཚོས་བོད་ལ་སློབ་སྦྱོང་བྱ་རྒྱུ་མང་པོ་ཡོད་པའི་ངོས་འཛིན་བྱུང་། ང་ཚོས་ཐོག་མཐའ་བར་གསུམ་དུ “ཀྲུང་གོ་གཅིག ”གི་ལངས་ཕྱོགས་མཐའ་འཁྱོངས་བྱེད་པ་དང་ང་ཚོ་གསར་འགོད་པའི་མཉམ་འབྲེལ་ལྷན་ཚོགས་དང་གསར་བརྗེའི་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱི་ལས་རོགས་ཚོས་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་སོགས་འབྲེལ་ཡོད་རྩ་འཛུགས་དང་འབྲེལ་བ་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་ཚུན་བཅར་འདྲི་དང་སྤེལ་རེས་བྱས་པ་བརྒྱུད་རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་དགོས།

        ནེ་པ་ལ་རྩོམ་སྒྲིག་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྐུ་ཞབས་ཏེ་ཝུན་ཏེ་ལ་·ཀོའོ་ཐང་མུའུ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་ཉེར་ཡོད་པའི་སྐབས་སུ་འཚོགས་པའི་ད་རེས་ཀྱི་བཞུགས་མོའི་ཚོགས་འདུའི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་དང་ནེ་པ་ལ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་ཟབ་མོ་མཚོན་ཡོད། ང་བོད་དུ་ཐེངས་དང་པོ་འགྲོ་སྐབས་མཐོང་བ་ནི་ཧ་ཅང་སྔོན་ཐོན་གྱི་ས་ཆ་ཞིག་ཡིན་པ་དང་བོད་དུ་ཐེངས་གཉིས་པ་འགྲོ་སྐབས་དེ་གའི་མགྱོགས་མྱུར་ངང་འཕེལ་རྒྱས་དང་ཡར་རྒྱས་མངོན་གསལ་དོད་པོ་སྔར་བས་མཐོང་སྟེ་མི་རྣམས་ཧང་སངས་དགོས་པ་ཞིག་ཡོད་པས་ང་ཚོས་ཀྲུང་གོར་སློབ་སྦྱོང་མང་ཙམ་དང་བོད་ཀྱི་འཕེལ་རྒྱས་ཉམས་མྱོང་ལ་སློབ་སྦྱོང་བྱེད་དགོས།

        ནེ་པ་ལའི་གསར་འགོད་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཟུར་པ་སྐུ་ཞབས་སུའུ་ལུའེ་ཧྲི ·ཨག་ཁྲ་ཡ། དེ་རིང་ང་ཚོས་འདི་གར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་དྲན་གསོ་ཞུ་བ་དང་བོད་ཀྱི་དེ་སྔ་དང་ད་ལྟ་བསྡུར་བའི་ཐོག་ནས་ང་ཚོ་ནེ་པ་ལས་ད་ལྟའི་བོད་གསར་པ་ནས་ཕན་ཐོགས་ཡོད་པའི་འཕེལ་རྒྱས་ཀྱི་ཉམས་མྱོང་མང་པོར་སློབ་སྦྱོང་བྱེད་ཆོག་པ་དང་ཕྱོགས་གཞན་ཞིག་ནས་ནེ་པ་ལར་ཕྱི་རྒྱལ་ཕྱོགས་གཏོགས་ཀྱིས་བོད་རང་བཙན་གྱི་བྱེད་སྤྱོད་ངན་སྐུལ་བྱ་རྒྱུར་དོགས་ཟོན་བྱེད་དགོས། ནེ་པ་ལའི་སྨྱན་སྦྱོར་གྱིས་ཀྲུང་གོ་ནས་བྱུང་བའི་ཆ་འཕྲིན་ངོ་མ་མང་ཙམ་འགོད་རྒྱུའི་རེ་བ་ཡོད། བསླབ་བགྲེས་གསར་འགོད་པ་སྐུ་ཞབས་ཅི་ཨུའུ་ལུའོ ·པན་ཏེ་རུའེ། ནེ་པ་ལས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་ཀྲུང་གོར་སློབ་སྦྱོང་བྱེད་དགོས། ང་ཚོས་སོ་སོའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ཀྲུང་གོ་དང་གཉིས་ཕན་མཉམ་ལས་གང་ཐུབ་བྱས་ནས་ཀྲུང་གོའི་འཕེལ་རྒྱས་ནང་ཞུགས་པ་དང་ཀྲུང་གོའི་འཕེལ་རྒྱལ་ལ་བརྟེན་ནས་ནེ་པ་ལའི་འཕེལ་རྒྱས་སྐུལ་ཁྲིད་བྱེད་དགོས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60རིང་འཕེལ་རྒྱས་དང་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་བ་དེ་མིག་མཐོང་ལག་ཟིན་ཐུབ་པ་ཞིག་རེད། ནེ་པ་ལས “ཀྲུང་གོ་གཅིག ”གི་ལངས་ཕྱོགས་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་ལས་ལངས་ཕྱོགས་དེར་ནམ་ཡང་འགྱུར་ལྡོག་གཏོང་མི་རུང་།

        གཅིག་གྱུར་ནེ་པ་ལའི་རྒྱལ་དམངས་གླེང་སྟེགས་ཀྱི་ཀྲུའུ་ཞི་སྐུ་ཞབས་ཕེ་ལིན་ཏེ་ལ ·ཉི་ཕར། གོ་སྐབས་དེ་དང་བསྟུན་ནས་ངས་སྙིང་དབུས་ནས་ཀྲུང་གོའི་མི་དམངས་ལ་སྨོན་འདུན་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བོད་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ལོ་རྒྱུས་ཐོག་ནས་ར་སྤྲོད་བྱུང་ཡོད། ནེ་པ་ལས་སྔ་ཕྱི་བར་གསུམ་དུ “ཀྲུང་གོ་གཅིག ”གི་ལངས་ཕྱོགས་ང་ཚོས་མཐའ་འཁྱོངས་བྱེད་པ་དང་བྱ་ཐབས་སྤྱད་དེ་བོད་རང་བཙན་གྱི་བྱེད་སྤྱོད་སྣ་ཚོགས་བཀག་འགོག་བྱེད་དགོས།

        ནེ་པ་ལ་སྤྱི་ཚོགས་རྩོམ་སྒྲིག་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སྐུ་ཞབས་ལུའོ་མུ་ཤིས་·ཐུའུ་ཕན། ནེ་པ་ལ་དང་ཀྲུང་གོའི་བོད་དབར་འབྲེལ་བ་དང་འགྲོ་འོང་དམ་ཟབ་བྱེད་ཀྱི་ཡོད། ང་ཚོས “ཀྲུང་གོ་གཅིག ”གི་ལངས་ཕྱོགས་ལ་བརྩི་སྲུང་ཞུས་ནས་ནེ་པ་ལའི་ས་ཁོངས་ནང་བོད་རང་བཙན་གྱི་བྱེད་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ནེ་པ་ལ་དང་ཀྲུང་གོའི་དབར་སྔ་ཕྱི་བར་གསུམ་དུ་མཛའ་གྲོགས་བཟང་པོ་ལྡན་པ་དང་ཀྲུང་གོས་ནེ་པ་ལར་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་གནང་བས་ནེ་པ་ལས་ཀྱང་བོད་འབྲེལ་གྱི་གནད་དོན་ཐད་ཀྲུང་གོར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས།

        ནེ་པ་ལ —ཀྲུང་གོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་མཁྱེན་ལྡན་མ་ཕུའུ་ལུན་·ཁུའུ་མ་རུའེ ·ཕན་ཐེ། ཞི་བས་བཅིངས་འགྲོལ་བཏང་རྗེས་བོད་ལ་འཕེལ་རྒྱས་དང་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། བོད་ཀྱི་ལོ་རྒྱུས་དང་དངོས་ཡོད་ཐད་ཏཱ་ལའི་བླ་མས་རྫུན་གཏམ་ཧ་ཅང་མང་པོ་བཤད་པ་ནི་རྦད་དེ་ནོར་བ་ཞིག་རེད། བོད་མི་དམངས་ལ་ཆོས་དད་རང་མོས་དང་སློབ་གསོ་སོགས་ལོངས་སུ་སྤྱོད་རྒྱུ་ཡོད་པ་ནི་དོན་དངོས་ཞིག་རེད།

        ཀྲུང་གོ་བོད་ལྗོངས་དཔེ་ཚོང་ཁང་གི་སྤྱི་གཉེར་སྐུ་ཞབས་མུའུ་ཁུན་ཏ་·པའོ་ཏེར། ཀྲུང་གོའི་བོད་ལྗོངས་དཔེ་ཚོང་ཁང་ཚོང་གཉེར་བྱས་ནས་ལོ་གཅིག་དང་ཕྱེད་ཀ་ཙམ་ནང་ནེ་པ་ལའི་ཤེས་ཡོན་ཅན་དང་སློབ་མ་མང་པོ་ཞིག་དེ་གར་ཡོང་གི་ཡོད། ཁོང་ཚོས་ཀྲུང་གོའི་དཔེ་དེབ་ལྟ་ཀློག་དང་ཉོ་བ་བརྒྱུད་ཀྲུང་གོར་ཤེས་རྟོགས་དང་ངོས་འཛིན་བྱེད་པའི་ཐད་སྤྲོ་སྣང་འཕེལ་ཡོད། ཀྲུང་གོ་བོད་ལྗོངས་དཔེ་ཚོང་ཁང་གིས་ཀློག་པ་པོའི་རེ་བ་ཆུད་ཟོས་སུ་མི་གཏོང་བར་ཚང་མར་ཀྲུང་གོ་ནས་བྱུང་བའི་རིག་གནས་བརྩམས་ཆོས་དེ་བས་མང་བ་ཞིག་མཁོ་འདོན་བྱ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།