དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཝང་ཆི་ཧྲན་གྱིས་ཨུ་རུ་སུའི་ཁ་ཧྲན་ཐད་འཕུར་གནམ་གྲུ་བཟོ་གྲྭར་རྟོག་ཞིབ་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཨུ་རུ་སུའི་ཁ་ཧྲན་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་ཨུ་རུ་སུར་ཀྲུང་གོ་དང་ཨུ་རུ་སུའི་ནུས་རྒྱུ་གྲོས་མོལ་གྱི་འཐུས་མིའི་ཞལ་འཛོམས་ཐེངས་བདུན་པར་ཞུགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཆི་ཧྲན་གྱིས་ཁ་ཧྲན་ཐད་འཕུར་གནམ་གྲུ་བཟོ་གྲྭར་རྟོག་ཞིབ་གནང་བ་རེད།

        ཝང་ཆི་ཧྲན་གྱིས་བཟོ་གྲྭ་དེའི་སྒྲིག་སྦྱོར་གཙོ་བོའི་འཁོར་ཁང་དུ་ཕེབས་ནས་སྒྲིག་སྦྱོར་བྱེད་བཞིན་པའི་རྨི་—8དང་། རྨི་—17 རྨི་—38བཅས་དང་ཨན་ས་ཐེ་སོགས་བཟོ་དབྱིབས་ཀྱི་ཐད་འཕུར་གནམ་གྲུར་གཟིགས་སྐོར་གནང་བ་མ་ཟད། ཐད་འཕུར་གནམ་གྲུའི་ནང་བཞུགས་ནས་ཨུ་རུ་སུའི་ཐད་འཕུར་གནམ་གྲུའི་ཐོན་སྐྱེད་དང་། ཞིབ་འཇུག་གསར་སྤེལ། ནུས་པ། ཁྲོམ་ར་སོགས་ཐད་ཀྱི་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།

        ཝང་ཆི་ཧྲན་གྱིས་དབུན་ཁྲོན་གྱི་ས་ཡོམ་དྲག་པོའི་གེགས་སེལ་ཁྲོད་ཨུ་རུ་སུའི་རྨི་—26རྟགས་ཅན་གྱི་ཐད་འཕུར་གནམ་གྲུས་ནུས་པ་ཆེན་པོ་ཐོན་ནས་ཀྲུང་གོའི་མི་དམངས་ཚོར་བག་ཆགས་ཟབ་མོ་བཞག་ཡོད། མི་རིང་བའི་གོང་ཀྲུང་གོ་ཕྱོགས་ཀྱིས་ད་དུང་ཨུ་རུ་སུའུ་ནས་ས་མཐོར་སྤྱོད་པའི་ཐད་འཕུར་གནམ་གྲུ་ཁག་གཅིག་ཉོས་ཡོད། ཀྲུང་གོའི་ཐད་འཕུར་གནམ་གྲུ་ཁྲོམ་རའི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པ་དང་ཐད་འཕུར་གནམ་གྲུ་ཐོན་སྐྱེད་བྱེད་པའི་ཆུ་ཚད་ཀྱང་ཟམ་མི་ཆད་པར་ཡར་རྒྱས་འགྲོ་བཞིན་ཡོད། ཨུ་རུ་སུའི་ཐད་འཕུར་གནམ་གྲུ་ཞིབ་འཇུག་གསར་སྤེལ་དང་ཞིབ་བཟོའི་ཐད་ཐུན་མོང་མ་ཡིན་པའི་ལག་རྩལ་གྱི་ལེགས་ཆ་ལྡན་པས་རྒྱལ་ཁབ་གཉིས་པོས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་མདུན་ལམ་ཧ་ཅང་ཆེན་པོ་ཡོད། ཀྲུང་གོ་དང་ཨུ་རུ་སུའི་ཙུང་ལིའི་དུས་བཀག་གི་ཞལ་འཛོམས་ཨུ་ལྷན་ལམ་སྲོལ་འོག་གི་མཁའ་འགྲུལ་མཉམ་ལས་ཡན་ལག་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་ཐད་འཕུར་གནམ་གྲུ་ཆེ་རིགས་ཞིབ་བཟོ་བྱ་རྒྱུར་ཞིབ་བསྡུར་ཧུར་ཐག་བྱེད་བཞིན་ཡོད། ཁ་ཧྲན་ཐད་འཕུར་གནམ་གྲུ་བཟོ་གྲྭའི་གྲོགས་པོ་རྣམས་ཀྲུང་གོའི་ཁྲོམ་ར་རྒྱ་བསྐྱེད་གཏོང་བར་ཡོང་རྒྱུར་དགའ་བསུ་ཞུ་གི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།