དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཁྲའོ་ཞན་གྱིས་ཕྱི་རྒྱལ་བ་ཅིན་ཀང་རི་བོར་མ་འཇོག་བྱེད་པ་དང་ཡུལ་སྐོར་དུ་ཡོང་ཆོག་ཅེས་བཤད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཕོང་དབྱང་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཁྲའོ་ཞན་གྱིས་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས་2ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་5ཚེས་31ཉིན་ཁྲའོ་ཞན་གྱི་ཆེས་མཐོའི་མི་དམངས་ཚོགས་འདུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྲིད་བཀའ་ཡོངས་བསྒྲགས་བྱས་ནས 《ཅིན་ཀང་རི་བོའི་རྒྱལ་སྤྱིའི་ཡུལ་སྐོར་དམིགས་བསལ་ཁུལ་གྱི་བཅའ་ཁྲིམས 》བཏོན་ནས་ཕྱི་རྒྱལ་གྱི་ཁྲིམས་མི་དང་མི་སྒེར་དང་དཔལ་འབྱོར་རྩ་འཛུགས་ཀྱིས་ཅིན་ཀང་རི་བོ་ཡུལ་སྐོར་དམིགས་བསལ་ཁུལ་དུ་མ་འཇོག་བྱེད་པར་ཡོང་ཆོག་པའི་ཁྱབ་བསྒྲགས་བྱས་ཤིང་། དུས་མཚུངས་སྲིད་བཀའི་ནང་2002ལོར་གྲོས་འཆམ་བྱས་པའི 《ཅིན་ཀང་རི་བོའི་ཡུལ་སྐོར་ས་ཁུལ་གྱི་བཅའ་ཁྲིམས 》དང་དེ་བཞིན་ལག་བསྟར་གཏན་འབེབས་གོ་མི་ཆོད་པ་བཟོ་རྒྱུའི་ཁྱབ་བསྒྲགས་ཀྱང་བྱས་པ་རེད།

        གནས་ཚུལ་སྤེལ་བར་གཞིགས་ན། བཅའ་ཁྲིམས་དེར་ཁྱོན་ལེའུ་6དང་དོན་ཚན་41ཡོད་པ་དེས་དམིགས་བསལ་ཁུལ་གྱི་བཅའ་ཁྲིམས་ཀྱི་དམིགས་ཡུལ་དང་། དམིགས་བསལ་ཁུལ་དོ་དམ། ཡུལ་སྐོར་དང་དེ་བཞིན་ཡུལ་སྐོར་ཞབས་ཞུ། ཁེ་ལས་གསར་གཏོད། ཐོ་འགོད་དང་གཉེར་སྐྱོང་། དཔལ་འབྱོར་བྱེད་སྒོའི་ཆ་རྐྱེན་གྱི་འགན་ལེན་དང་དེ་བཞིན་རྩོད་གཞི་འདུམ་གཅོད་དང་ཐག་གཅོད་སོགས་ཀྱི་ནང་དོན་གཏན་འབེབས་དང་རྒྱས་བཤད་བྱས་ཡོད།

        ཁྲའོ་ཞན་གྱི་ཆེས་མཐོའི་མི་དམངས་ཚོགས་འདུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ་4ཚེས་29ཉིན་སྲིད་བཀའ་ཁྱབ་བསྒྲགས་བྱས་ནས “ཅིན་ཀང་རི་བོ་རྒྱལ་སྤྱིའི་ཡུལ་སྐོར་དམིགས་བསལ་ཁུལ ”འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།