དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཕེ་རུ་ནས་ལོ་ངོ་ཁྲི་སྟོང་གོང་གི་ཧ་ཅང་མཐོང་དཀོན་པའི་འོ་འཐུང་སྲོག་ཆགས་ཀྱི་ཀླད་ཆེན་གྱི་འགྱུར་རྡོ་ཪྙེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ལི་མ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཕེ་རུ་དང་འཇར་མན་གྱི་གནའ་བོའི་སྐྱེ་དངོས་རིག་པ་མཁས་ཅན་གྱི་སྙན་ཞུའི་ནང་ཁོང་ཚོས་ཕེ་རུའི་བྱང་རྒྱུད་ནས་ད་བར་ལོ་ངོ་ཁྲི་2000ཙམ་ཡོད་པའི་ཧ་ཅང་མཐོང་དཀོན་པའི་འོ་འཐུང་སྲོག་ཆགས་ཀྱི་ཀླད་ཆེན་གྱི་འགྱུར་རྡོ་ཪྙེད་བྱུང་ཞེས་འཁོད་ཡོད་པ་རེད།

        ཕེ་རུའི 《ཚོང་འཕྲིན་ཚགས་པར 》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ཀྱི་འགན་འཁུར་བ་འཇར་མན་གྱི་གནའ་བོའི་སྐྱེ་དངོས་རིག་པ་མཁས་ཅན་ཁོ་ལའོ་སི ·ཧོ་ཉིང་ཀོ་ཡིས་ཟླ་5ཚེས་12ཉིན་ཚན་རིག་རྟོག་ཞིབ་རུ་ཁག་གིས་ཡ་མ་ཤུན་ཞིང་ཆེན་གྱི་ཧྲེང་ཏེ་ཡ་ཀོ་ཆུ་བོའི་ཆུ་རྒྱུད་ནས་བསམ་ཡུལ་ལས་འདས་པ་ཞིག་ལ་སྲོག་ཆགས་ཀྱི་ཀླད་ཆེན་གྱི་འགྱུར་རྡོ་ཆ་ཚང་ཅིག་ཪྙེད་པ་དང་ཚད་ལེན་བྱས་པ་བརྒྱུད་འགྱུར་རྡོ་དེའི་རིང་ཚད་ལ་ལི་སྨི་11དང་། ཞེང་ཚད་ལ་ལི་སྨི 12 མཐོ་ཚད་ལ་ལི་སྨི་9བཅས་ཡོད་ཅེས་བཤད་པ་རེད།

        ཧོ་ཉིང་ཀོས་སྤྱིར་བཏང་ནས་བརྗོད་ན་ཀླད་ཆེན་ནི་འགྱུར་རྡོར་ཧ་ཅང་འགྱུར་དཀའ། ད་ཐེངས་ཪྙེད་པའི་འོ་འཐུང་སྲོག་ཆགས་དེ་མ་ཤི་གོང་མགོར་རྨས་སྐྱོན་ཚབས་ཆེན་ཕོག་ནས་ཀླད་ཆེན་ཕྱིར་འདོན་པ་མ་ཟད། ལང་སེང་ཆུ་བོའི་ནང་གི་དིམ་བསགས་དངོས་པོས་བཀབ་པས་ཡིན་སྲིད། ཧྲེང་ཏེ་ཡ་ཀོ་ཆུ་བོའི་ནང་གི་དིམ་བསགས་དངོས་པོའི་ནང་ཐཱན་སྐྱུར་ཚྭ་ཚུད་ཡོད་པར་བརྟེན་སྲོག་ཆགས་དེའི་ཀླད་ཆེན་གྱི་་དབང་པོ “སྟེས་དབང ”དུ་འགྱུར་རྡོར་གྱུར་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།