མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པུ་རུ་སེར་དང་ཁེ་རོ་ནས་ཟླ་6ཚེས་1ཉིན་གློག་འཕྲིན་འབྱོར་གསལ། བྱང་ཆིངས་ཀྱི་དྲུང་ཆེ་ལ་སི་མུའུ་སེན་གྱིས་ཚེས་1ཉིན་བྱང་ཆིངས་དང་དེ་བཞིན་རོགས་ཟླའི་རྒྱལ་ཁབ་ཀྱིས་ལི་པི་ཡར་དམག་དོན་བྱ་སྤྱོད་ཉིན་90ནར་འགྱངས་བྱ་རྒྱུའི་ཐག་གཅོད་བྱས་ཡོད་ཅེས་བཤད་པ་རེད།
བྱང་ཆིངས་སྤྱི་ཁྱབ་པུས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་གཞིར་བཟུང་། ཟླ་6ཚེས་1ཉིན་བར་བྱང་ཆིངས་དང་དེའི་མནའ་མཐུན་རྒྱལ་ཁབ་ཀྱིས་དམག་འཐབ་གནམ་གྲུ་ཐེངས་9183བཏང་བ་དེའི་ནང་དམག་འཐབ་གནམ་གྲུ་ཐེངས་3489ཡིས་མཁའ་རྒོལ་བྱ་སྤྱོད་ལག་བསྟར་བྱས་ཡོད། དེའི་ནང་ཟླ་5ཚེས་31ཉིན་གྱི་ཉིན་གཅིག་ནང་དམག་འཐབ་གནམ་གྲུ་ཐེངས་147བཏང་བ་དེའི་ནང་དམག་འཐབ་གནམ་གྲུ་ཐེངས་46གིས་མཁའ་རྒོལ་བྱས་པ་དང་ལི་པི་ཡའི་རྒྱལ་ས་ཐི་རི་ཕོ་ལིའི་ཉེ་འགྲམ་གྱི་ས་ཐོག་ནས་བར་སྣང་ལ་རྒྱག་པའི་མེ་ཤུགས་འཕུར་མདའ་འཕེན་གཏོང་སྒྲིག་ཆས་གསུམ་གཏོར་བ་རེད།