དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • དབྱི་སི་རལ་གྱིས“ཅེ་རུ་ས་ལེམ་ཉིན་མོར”བསུ་བ་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        ཟླ་5ཚེས་30ཉིན་དབྱི་སི་རལ་དམངས་ཚོགས་ཀྱིས་ཅེ་རུ་ས་ལེམ་དུ་འདུ་འཛོམས་ཁྲོམ་སྐོར་ནང་ཞུགས་ནས “ཅེ་རུ་ས་ལེམ་ཉིན་མོར ”བསུ་བ་ཞུས་པ་དང་ཉིན་དེ་རང་དུ་དབྱི་སི་རལ་གྱི་སྲིད་འཛིན་ཁུལ་53ནས་ཡོང་བའི་མི་ཁྲི་2ཙམ་ཅེ་རུ་ས་ལེམ་དུ་བརྗོད་བྱ་གཙོ་བོར “ཅེ་རུ་ས་ལེམ་ལ་གུས་འདུད་ཞུ ”ཞེས་པའི་འདུ་འཛོམས་ཁྲོམ་སྐོར་བྱས་པ་རེད། ཟླ་6ཚེས་1ཉིན་དབྱི་སི་རལ་གྱིས “ཅེ་རུ་ས་ལེམ་ཉིན་མོ ”བསུ་བ་ཞུས་ནས་1967ལོའི་དབུས་ཤར་དམག་འཁྲུག་གསུམ་པའི་ནང་ཅེ་རུ་ས་ལེམ་གྲོང་ཁྱེར་ཡོངས་ཀྱི་སྟངས་འཛིན་བྱེད་དབང་ཐོབ་པར་དྲན་གསོ་ཞུས། ཅེ་རུ་ས་ལེམ་གྱི་གནས་བབ་ཀྱི་གནད་དོན་ནི་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་ཞི་བའི་གྲོས་མོལ་བྱེད་པའི་འགག་རྩ་ཞིག་རེད། དབྱི་སི་རལ་གྱིས་1967ལོར་ཤར་ཅེ་རུ་ས་ལེམ་བཙན་བཟུང་བྱས་རྗེས་དེ་ཁྱུར་མིད་བཏང་བ་མ་ཟད། ཕྱོགས་རྐྱང་མས་ཅེ་རུ་ས་ལེམ་ཧྲིལ་པོ་ནི་དབྱི་སི་རལ་གྱི་ཡུན་རིང་དང་ཁ་འབྲལ་དུ་མི་རུང་བའི་རྒྱལ་ས་ཡིན་པའི་ཁྱབ་བསྒྲགས་ཀྱང་བྱས་ནའང་ད་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་བྱས་མེད་པ་དང་ཕ་ལེ་སི་ཐན་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཤར་ཅེ་རུ་ས་ལེམ་དེ་ཕ་ལེ་སི་ཐན་གྱི་སླད་ཕྱིན་རྒྱལ་ཁབ་ཀྱི་རྒྱལ་ས་བྱ་རྒྱུའི་རེ་བ་བཏོན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།