དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མས་ཁ་ཀྲ་ཕེས་དམག་མཚམས་འཇོག་འདོད་འདུག་ཅེས་བཤད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གཡོད་ཧན་ནའེ་སི་པའོ་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཚེས་31ཉིན་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མས་ལི་པི་ཡ་ནས་ལྷོ་ཨ་ཧྥེ་རི་ཁར་ཕྱིར་ལོག་བྱས་ཤིང་། ཙུའུ་མས་ལི་པི་ཡའི་འགོ་ཁྲིད་ཁ་ཀྲ་ཕེས་ལྷོ་ཨ་ཧྥེ་རི་ཁའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་བཏོན་པའི་ལི་པི་ཡའི་གདོང་ཐུག་ཐག་གཅོད་བྱེད་པའི་དམག་མཚམས་འཇོག་རྒྱུའི་ཇུས་གཞི་ལག་བསྟར་བྱ་རྩིས་འདུག་ཅེས་བཤད་པ་རེད།

        ཙུའུ་མ་ལི་པི་ཡ་ནས་ཁ་མ་བྲལ་གོང་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་ཁ་ཀྲ་ཕེས་བྱང་ཆིངས་དང་ཕྱོགས་གཞན་གྱིས་འབར་མདེལ་དབྱུག་མཚམས་འཇོག་པ་དང་ལི་པི་ཡའི་མི་དམངས་ལ་རང་ཉིད་ཀྱིས་གནད་དོན་ཐག་གཅོད་བྱེད་པའི་གོ་སྐབས་ཞིག་སྤྲད་ན་ཁོ་པས་ལྷོ་ཨ་ཧྥེ་རི་ཁའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་བཏོན་པའི་དམག་འཚམས་འཇོག་པའི་ཇུས་གཞི་ལག་བསྟར་བྱ་རྒྱུ་ཡིན་ཞེས་བརྗོད་ལུགས་བཤད་པ་རེད། དེ་ནི་ཙུའུ་མས་ལི་པི་ཡར་བསྐྱོད་ཐེངས་གཉིས་པ་དེ་ཡིན་མོད། འོན་ཀྱང་ལི་པི་ཡའི་གདོང་ཐུག་ཕྱོགས་གཉིས་ཀྱི་འགལ་ཟླ་ཆུང་དུ་གཏོང་ཐུབ་མེད་པ་དང་ཁ་ཀྲ་ཕེ་འགྲོ་སྡོད་ཀྱི་གནད་དོན་དེ་སྔར་བཞིན་འགལ་ཟླའི་གནད་འགག་ཡིན་པ་རེད།

        ཚེས་30ཉིན་གྱི་དགོང་མོ་དང་ཚེས་31ཉིན་གྱི་སྔ་དྲོར་བྱང་ཆིངས་ཀྱིས་མུ་མཐུད་ལི་པི་ཡའི་རྒྱལ་ས་ཐི་རི་ཕོ་ལིར་མཁའ་རྒོལ་བྱས་ཡོད། ཙུའུ་མས་བྱང་ཆིངས་ཀྱིས་མཁའ་རྒོལ་བྱས་པ་དེས་ལྷོ་ཨ་ཧྥེ་རི་ཁའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་འདུམ་འགྲིག་ལ་གཏོར་བཤིག་གཏོང་གི་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།