དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • འཇར་མན་གྱིས་2022ལོའི་གོང་དུ་ཉིང་རྡུལ་གློག་ཁང་ཡོངས་སྒོ་རྒྱག་རྒྱུའི་གཏན་འཁེལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེར་ལིན་ནས་ཟླ་5ཚེས་30ཉིན་གློག་འཕྲིན་འབྱོར་གསལ། འཇར་མན་སྲིད་གཞུང་གི་སྲིད་འཛིན་ཏང་གསུམ་གྱིས་གྲོས་བསྡུར་ཡུན་རིང་བྱས་པ་བརྒྱུད་ཟླ་5ཚེས་29ཉིན་གྱི་མཚན་མོར་འཇར་མན་གྱི་ཉིང་རྡུལ་གློག་ཁང་ཡོངས་2022ལོའི་གོང་དུ་སྒོ་རྒྱག་རྒྱུའི་གཏན་འཁེལ་བྱས་པ་རེད།

        ཚོགས་འདུ་འཚོགས་རྗེས་འཇར་མན་ཁོར་ཡུག་དང་རང་བྱུང་སྲུང་སྐྱོང་དང་ཉིང་རྡུལ་བདེ་འཇགས་པུའི་པུའུ་ཀྲང་ལེ་ཐེ་ཀེན་གྱིས་རི་པིན་ཕུའུ་ཏའོ་ཉིང་རྡུལ་གློག་ཁང་དུ་དོན་རྐྱེན་ཐོན་རྗེས་འཇར་མན་སྲིད་གཞུང་གིས་ཉིང་རྡུལ་གློག་ཁང་7གནས་སྐབས་སྒོ་རྒྱག་རྒྱུ་དང་འབྲེལ་དེ་སྔོན་དོན་རྐྱེན་བྱུང་མྱོང་ཡོད་པའི་ཉིང་རྡུལ་གློག་ཁང་1རྦད་དེ་སྒོ་རྒྱག་རྒྱུའི་གཏན་འཁེལ་བྱས་ཡོད་མོད། འོན་ཀྱང་སྲིད་གཞུང་གིས་སྒོ་བརྒྱབ་པའི་ཉིང་རྡུལ་གློག་ཁང་7ནང་ནས་ཛ་དྲག་ཆེ་བའི་དགོས་མཁོའི་གནས་ཚུལ་འོག་གློག་ཁང་1འཁོར་སྐྱོད་ཚོང་གཉེར་བྱ་རྒྱུར་སོར་ཉར་བྱེད་དགོས་ཀྱང་ཉིང་རྡུལ་གློག་ཁང་དེ་2013ལོའི་གོང་དུ་ངེས་པར་དུ་སྒོ་རྒྱག་དགོས་པའི་གཏན་འཁེལ་བྱས་ཡོད་ཅེས་གསུངས་པ་རེད།

        འཇར་མན་དུ་ཚོང་ལས་གཉེར་སྐྱོང་རང་བཞིན་གྱི་ཉིང་རྡུལ་གློག་ཁང་17ཡོད། རི་པིན་དུ་ཉིང་རྡུལ་གློག་ཁང་ལ་དོན་རྐྱེན་ཐོན་རྗེས་འཇར་མན་སྲིད་གཞུང་གིས་ཆེད་དོན་ཨུ་ཡོན་ལྷན་ཁང་གཉིས་བཙུགས་ནས་ཉིང་རྡུལ་གློག་ཁང་འཁོར་སྐྱོད་ཚོང་གཉེར་བྱ་རྒྱུའི་དུས་ཚོད་ཀྱི་གནད་དོན་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་དེའི་ནང་ཉིང་རྡུལ་གློག་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་གལ་ཏེ་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་འཇིགས་སྐུལ་པས་བཙན་ཁྲིད་བྱས་ཏེ་ཉིང་རྡུལ་གློག་ཁང་ལ་འཇབ་རྒོལ་བྱས་ན་ཉིང་རྡུལ་གློག་ཁང་ཚང་མའི་བདེ་འཇགས་ནུས་ལྡན་ངང་སྲུང་སྐྱོང་བྱེད་མི་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།