ཟླ་5ཚེས་25ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་བུད་མེད་ཀྱིས་ཙེ་ཡིའུ་ཞིང་ཆེན་ཧ་རུའེ་ཧྲེ་སྨི་སི་གྲོང་ཁྱེར་དུ་གཅིན་པ་མངར་འགྱུར་གྱི་ནད་གཞི་བརྟག་དཔྱད་བྱ་རྒྱུ་དང་ལེན་བྱས་ཡོད། དེ་ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་པང་ཅི ·ཨེན་ཀེ་མ ·ཙུའུ་མ་གཅིན་པ་མངར་འགྱུར་ནད་ཀྱི་ཐེབས་རྩ་ལྷན་ཚོགས་ཀྱིས་དེ་གར་སྨན་རིན་མི་དགོས་པར་གཅིན་པ་མངར་འགྱུར་གྱི་ནད་གཞི་བརྟག་དཔྱད་དང་འོས་འགན་སྨན་བཅོས་བྱེད་པའི་བྱེད་སྒོ་སྤེལ་ཡོད། ཨ་ཧྥེ་རི་ཁ་ལྷོ་མའི་ས་གནས་ཁག་ནས་ཡོང་བའི་བུད་མེད་ཁྲི་གཉིས་ཀྱིས་གཅིན་པར་མངར་འགྱུར་གྱི་ནད་གཞིར་བརྟག་དཔྱད་བྱ་རྒྱུ་དང་ལེན་བྱས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ཨ་ཧྥེ་རི་ཁ་ལྷོ་མ་ནི་གཅིན་པ་མངར་འགྱུར་ནད་གཞི་ཐོན་མང་བའི་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་གཅིག་ཡིན།