དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཨུ་རུ་སུས་སི་རི་ཡའི་གནད་དོན་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྤྲོད་རྒྱུར་ངོ་རྒོལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་མོ་སི་ཁོ་ནས་ཟླ་5ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཕུའུ་ལུའོ་ཕུའུ་ཡིས་སི་རི་ཡའི་ཕྱི་འབྲེལ་པུའུ་ཀྲང་མུའུ་ཨ་ལི་མུའུ་དང་ཁ་པར་རྒྱག་རེས་བྱེད་སྐབས་ཨུ་རུ་སུའི་ཕྱོགས་ཀྱིས་སི་རི་ཡའི་གནད་དོན་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྤྲད་དེ་གྲོས་བསྡུར་བྱ་རྒྱུར་ངོ་རྒོལ་བྱེད་ཀྱི་ཡིན་ཞེས་བསྐྱར་བསྒྲགས་བྱས་པ་རེད།

        ཚེས་28ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་གནས་ཚུལ་སྤེལ་ནས་ལ་ཕུའུ་ལུའོ་ཕུའུ་དང་མུའུ་ཨ་ལི་མུའུ་གཉིས་ཀྱིས་སི་རི་ཡའི་དུས་བབ་དང་རྒྱལ་ཁབ་བརྒྱད་ཀྱི་ཚོགས་པའི་དབུ་ཚོགས་ཐོག་ཨུ་རུ་སུའི་ཙུང་ཐུང་མེ་ཏེ་ཝུའེ་ཅེ་ཕུའུ་ཡིས་སི་རི་ཡའི་གནད་དོན་ཐད་བཟུང་བའི་རྣམ་འགྱུར་ལ་དམིགས་ནས་ལྟ་སྟངས་བརྗེ་རེས་བྱས་ཡོད་པ་དང་མུའུ་ཨ་ལི་མུའུ་ཡིས་སི་རི་ཡའི་རྒྱལ་ནང་གི་དུས་བབ་བརྟན་ལྷིང་དུ་གཏོང་བ་དང་སྒྱུར་བཅོས་ལག་བསྟར་བྱེད་ཆེད་སྤྱོད་རྩིས་ཡོད་པའི་སྲིད་གཞུང་གི་བྱེད་ཐབས་ཨུ་རུ་སུའི་ཕྱོགས་ལ་བརྡ་ཁྱབ་བཏང་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།