དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ལི་པི་ཡའི་ཕྱི་འབྲེལ་པུའུ་ཡིས་ཡོ་རོབ་མནའ་འབྲེལ་གྱི་དཔོན་རིགས་ཀྱི་གཏམ་བརྗོད་ལ་ཁ་རྡུང་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཁེ་རོ་ནས་ཟླ་5ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་ལི་པི་ཡའི་ཕྱི་འབྲེལ་པུའུ་ཡི་གསལ་བསྒྲགས་ནང “ལི་པི་ཡའི་དཔོན་རིགས་ལ་ཁ་ཀྲ་ཕེའི་སྲིད་དབང་དང་བྲལ་རྒྱུའི་སྐུལ་མ་གཏོང་བའི ”སྐོར་གྱི་ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏུན་གྱི་གཏམ་བརྗོད་ལ་ཁ་རྡུང་དྲག་པོ་བཏང་བ་དང་ལི་པི་ཡ་ཕྱོགས་ཀྱིས་གཏམ་བརྗོད་དེའི་རེ་ངན་ནི་ལི་པི་ཡའི་དཔོན་རིགས་ལ་མེས་རྒྱལ་ལ་རྒྱབ་གཏོད་བྱས་ནས་བྲོས་རྒྱུའི་ངན་སྐུལ་བྱས་པ་དེ་ཡིན་པ་མ་ཟད། བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་ལ་རྒྱབ་སྐྱོར་བྱས་པའི་ངོས་འཛིན་བྱས་ཡོད།

        ལི་པི་ཡའི་ངོ་རྒོལ་ཤོག་ཁག “རྒྱལ་ཁབ་བར་བརྒལ་ཨུ་ཡོན་ལྷན་ཁང ”གི་དཔོན་རིགས་ཀྱིས་ཚེས་29ཉིན་ཉེ་དུས་དམིགས་བསལ་བཙོན་འགྲོལ་གཏོང་བའི་ཁྲིམས་གཞི་ཁྱབ་བསྒྲགས་བྱས་ཏེ་ཁ་ཀྲ་ཕེའི་སྲིད་དབང་དང་བྲལ་བའི་མི་སྣ་ཚང་མར་ཞུ་གཏུག་དང་རྩད་གཅོད་མཐའ་དག་བྱེད་ཀྱི་མིན་ཞེས་བཤད་པ་རེད།

        ཚེས་28ཉིན “རྒྱལ་ཁབ་བར་བརྒལ་ཨུ་ཡོན་ལྷན་ཁང ”གི་ཀྲུའུ་ཞི་ཅ་ལི་ལེས་པན་ཅ་ཤིས་སུ་ངོ་རྒོལ་ཤོག་ཁག་གིས་ཁ་ཀྲ་ཕེ་དང་དེའི་ཁྱིམ་རྒྱུད་ཁ་མི་བྲལ་རྒྱུ་སྔོན་འགྲོ་བྱས་པའི་ཞི་བའི་གྲོས་འགོ་མཐའ་དག་ཁས་མི་ལེན་པ་དང་དུས་མཚུངས་ལི་པི་ཡའི་སྲིད་གཞུང་དང་བྲལ་རྩིས་བྱེད་མཁན་རྣམས་བཙོན་འགྲོལ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། དེ་ཉིན་ཨུ་རུ་སུས་ཉེ་ཆར་ལི་པི་ཡར་འཛིན་པའི་སྲིད་ཇུས་ལེགས་སྒྲིག་བྱས་པར་ཡང་ཅ་ལི་ལེས་དགའ་བསུ་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།