ཤིན་ཧྭ་གསར་འགྱུར་ཁང་ཏི་ལི་གསར་པ་ནས་ཟླ་5ཚེས་29ཉིན་གློག་འཕྲིན་འབྱོར་གསལ། རྒྱ་གར་གྱི་སྨྱན་སྦྱོར་ཚན་པས་ཚེས་29ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་འཆར་འགོད་ཨུ་ལྷན་གྱིས་གཟའ་འཁོར་འདིའི་ནང་རྒྱ་གར་གྱི་བར་ཁམས་ཞིབ་འཇུག་རྩ་འཛུགས་དང་རྒྱ་གར་ཚན་རིག་ཞིབ་འཇུག་སུའོ་ལ་ཁྱོན་བསྡོམས་ལུའུ་པི་སྒོར་དུང་ཕྱུར་1000(ཧ་ལམ་ཨ་སྒོར་དུང་ཕྱུར་23ཙམ་ཡིན )སྤྲད་ནས་རྩིས་རྒྱག་མྱུར་ཚད་སྐར་ཆ་རེར་ཐེངས་དུང་ཕྱུར་མི་འཁྲུགས་པ་ལོན་པའི་རིམ་འདས་རྩིས་རྒྱག་འཕྲུལ་འཁོར་ཞིབ་བཟོ་བྱ་རྒྱུར་སྤྱོད་རྒྱུའི་མོས་མཐུན་བྱས་པ་རེད།
མིག་སྔར་འཛམ་གླིང་ཐོག་གི་རྩིས་རྒྱག་མྱུར་ཚད་མཐོ་ཤོས་ཀྱི་རིམ་འདས་རྩིས་རྒྱག་འཕྲུལ་འཁོར་དེ་ཀྲུང་གོས་ཞིབ་བཟོ་བྱས་པ་ཞིག་ཡིན་པ་དང་དེའི་དངོས་སུ་བརྟག་དཔྱད་ཚད་ལེན་བྱས་པའི་རྩིས་རྒྱག་མྱུར་ཚད་ནི་སྐར་ཆ་རེར་ཐེངས་དུང་ཕྱུར་གཏམས་2570ཟིན་གྱི་ཡོད། རྒྱ་གར་གྱི་སྨྱན་སྦྱོར་ཚན་པས་གནས་ཚུལ་སྤེལ་བའི་ནང་རྒྱ་གར་གྱིས་2007ལོར་རྩིས་རྒྱག་འཁོར་སྐྱོད་ཀྱི་མྱུར་ཚད་འཛམ་གླིང་གི་ཨང་བཞི་པར་སླེབས་པའི་རིམ་འདས་རྩིས་རྒྱག་འཕྲུལ་འཁོར་རང་བརྟེན་ངང་ཞིབ་འཇུག་གསར་སྤེལ་བྱས་མྱོང་བ་དང་ད་ལོའི་ཟླ་5པར་དེའི་རྩིས་རྒྱག་མགྱོགས་ཤོས་ཀྱི་མྱུར་ཚད་དེ་སྐར་ཆ་རེར་ཐེངས་དུང་ཕྱུར་གཏམས་220 རུ་རིམ་སྤོར་བྱས་ཡོད་ནའང་ཀྲུང་གོའི་རིམ་འདས་རྩིས་རྒྱག་འཕྲུལ་འཁོར་ལས་སྔར་བཞིན་གྲངས་ཚད་རིམ་པ་གཅིག་དམའ་བ་ཡོད་ཅེས་བརྗོད་ཡོད་པ་རེད།