མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེར་ལིན་ནས་གློག་འཕྲིན་འབྱོར་གསལ། འཇར་མན་གྱི་རྒྱལ་སྲུང་པུའུ་ཀྲང་ཏེ་མའེ་ཆི་ཨའེ་ཡིས་ཚེས་18ཉིན་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་སྲུང་དམག་གི་དུས་མཚམས་གཉིས་པའི་སྒྱུར་བཅོས་འཆར་གཞི་བཏོན་པ་དེའི་ནང་དམག་དཔུང་གི་གྲངས་འབོར་ཁྲི་18ཙམ་བར་ཉུང་འཕྲི་བྱེད་པ་དང་ཕྱི་རྒྱལ་དུ་བཅའ་སྡོད་དམག་མིའི་གྲངས་འབོར་ཚད་གཞི་དེ་ཁྲི་གཅིག་ཡན་མང་དུ་གཏོང་རྒྱུ་སོགས་ཚུད་པ་རེད།
དུས་མཚམས་གཉིས་པའི་སྒྱུར་བཅོས་འཆར་གཞི་གཞིར་བཟུང་འཇར་མན་དམག་དཔུང་གི་གཞི་ཁྱོན་དེ་མིག་སྔའི་མི་ཁྲི་22ནས་ཁྲི་17.5ནས་18.5བར་ཉུང་འཕྲི་བྱ་རྒྱུ་ཡིན་པ་དེའི་ཁྲོད་ལས་རིགས་དམག་དང་དང་བླངས་དམག་ཁྲི་17ཚུད་པ་རེད།