ཤིན་ཧྭ་གསར་འགྱུར་ཁང་ཐི་རི་ཕོ་ལི་ནས་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་ལི་པི་ཡའི་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ས ·དབྱི་པུ་ལ་ཤིན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་འཕྲིན་སྤེལ་བ་དང་ཁ་པར་རྒྱག་རེས་བྱེད་སྐབས་བྱང་ཆིངས་ཀྱི་དམག་འཐབ་དམག་གྲུས་ཚེས་23དང་24ཉིན་གྱི་ཐོ་རེངས་སུ་ལི་པི་ཡའི་རྒྱལ་ས་ཐི་རི་ཕོ་ལི་དང་དེའི་ཉེ་འཁོར་ས་ཁུལ་དུ་འབར་མདེལ་དབྱུག་པས་ཁྱོན་མི་སེར་19རྐྱེན་ལམ་དུ་ཤོར་བ་དང་མི་130ལ་རྨས་སྐྱོན་ཕོག་ཡོད་ཅེས་བརྗོད་པ་རེད།