དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཐེ་ལན་དང་། ཁམ་ཕུ་ཁྲེ། ཧིན་རྡུ་ཉི་ཞི་ཡ་བཅས་ཀྱིས་མཉམ་འབྲེལ་ཐོག་ཐེ་ལན་དང་ཁམ་ཕུ་ཁྲེའི་མཐའ་མཚམས་ཀྱི་རྩོད་གཞི་ཡོད་པའི་ཁུལ་ལ་བརྟག་དཔྱད་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པང་གོང་ནས་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་ཐེ་ལན་རྒྱལ་སྲུང་པུའི་མགྲིན་ཚབ་པ་ཐ་ན་ཐིས་ཐེ་ལན་དང་། ཁམ་ཕུ་ཁྲེ། ཧིན་རྡུ་ཉི་ཞི་ཡ་བཅས་རྒྱལ་ཁབ་གསུམ་གྱི་མི་སྣ་ལས་གྲུབ་པའི་མཉམ་འབྲེལ་བརྟག་དཔྱད་ཡན་ལག་རུ་ཁག་གིས་ཁམ་ཕུ་ཁྲེ་དང་ཐེ་ལན་གྱི་སྤྱིར་བཏང་རང་བཞིན་གྱི་མཐའ་མཚམས་ཨུ་ཡོན་ལྷན་ཁང་སྐབས་བརྒྱད་པའི་ཚོགས་འདུ་མ་འཚོག་གོང་པའེ་ཝུའེ་ཞ་དགོན་པའི་མཐའ་འཁོར་གྱི་སྤྱི་ལེ་གྲུ་བཞི་མ་4.6ལོན་པའི་རྒྱལ་ཁབ་གཉིས་པོའི་མཐའ་མཚམས་ཀྱི་རྩོད་གཞི་ཡོད་པའི་ཁུལ་ལ་བརྟག་དཔྱད་བྱ་རྒྱུ་རེད་ཅེས་བཤད་པ་རེད།

        ཐ་ན་ཐིས་ངོ་སྤྲོད་བྱས་དོན། བརྟག་དཔྱད་ཡན་ལག་རུ་ཁག་རེ་རེར་ཐེ་ལན་གྱི་དཔོན་རིགས་1དང་། ཁམ་ཕུ་ཁྲེའི་དཔོན་རིགས་1 ཧིན་རྡུ་ཉི་ཞི་ཡའི་དཔོན་རིགས་1བཅས་ལས་གྲུབ་ཅིང་། ཁོངས་མི་9པོ་དེ་དག་གིས་མཚོན་ཆ་གང་ཡང་འདོགས་མི་སྲིད་ཅེས་ངོ་སྤྲོད་བྱས་པ་རེད།

        ཤེས་རྟོགས་བྱས་པར་གཞིགས་ན། ཟླ་བ་འདིའི་ནང་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཡ་ཅ་ཏར་འཚོགས་པའི་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་སྲུང་པུའུ་ཀྲང་གི་ཚོགས་འདུ་སྐབས་ལྔ་པའི་རིང་ཐེ་ལན་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་པོའི་རྒྱལ་སྲུང་པུའུ་ཀྲང་གིས་ད་རེས་ཀྱི་མཉམ་འབྲེལ་བརྟག་དཔྱད་སྐོར་ཐུན་མོང་གི་ལྟ་སྟངས་ཆགས་པ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།