དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཀྲུང་གོ་དང་མ་ལིའི་མཛའ་གྲོགས་ཟམ་པ་སྟེ་པ་མ་ཁོའི་ཟམ་ཆེན་གསུམ་པའི་ལས་གྲྭ་གཙོ་བོ་ལེགས་གྲུབ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        ཉེ་ཆར་ཀྲུང་གོ་སྲིད་གཞུང་གིས་ཨ་ཧྥེ་རི་ཁ་ནུབ་མར་བསྐྲུན་པའི་རིན་དོད་མེད་པའི་རོགས་སྐྱོར་རྣམ་གྲངས་ཆེ་ཤོས -མ་ལི་པ་མ་ཁོའི་ཟམ་ཆེན་གསུམ་པ་དེ་དུས་ཡུན་ལོ་2ལྷག་ཙམ་ཚ་ཚ་འུར་འུར་ངང་ཨར་རྒྱག་བྱས་པ་བརྒྱུད་ལས་གྲྭ་གཙོ་བོ་དེ་མིག་སྔར་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ་དང་ལས་གྲྭ་དེ་ཟམ་ངོས་འཛུགས་སྐྲུན་གྱི་དུས་མཚམས་མཇུག་ཤོས་སུ་སླེབས་ནས་སྔོན་དཔག་བྱས་ན་2011ལོའི་ཟླ་9པར་སྔ་བསྣུར་དུ་མ་ལི་སྲིད་གཞུང་ལ་རྩིས་སྤྲོད་རྒྱུ་རེད། ཟམ་ཆེན་དེར་རིང་ཚད་སྨི་1626.5དང་ཞེང་ཚད་སྨི་24ཡོད་ཅིང་། ཟམ་ངོས་ལ་ཕྱོགས་གཉིས་སུ་བསྐྱོད་པའི་འཁོར་ལམ་བཞི་ཡོད་པ་དེ་བསྐྲུན་ཟིན་རྗེས་མ་ལི་ས་མཚམས་ནང་གི་ནེ་ཀྲིར་གཙང་པོའི་ཐོག་གི་གཞུང་ལམ་ཟམ་པ་རིང་ཤོས་སུ་འགྱུར་རྒྱུ་ཡིན་ཞིང་། འདི་ནི་ཟླ་5ཚེས་23ཉིན་མ་ལིའི་རྒྱལ་ས་པ་མ་ཁོར་ཨར་རྒྱག་བྱེད་མཁན་གྱིས་པ་མ་ཁོའི་ཟམ་ཆེན་གསུམ་པར་བཀག་ཤིང་བསྒར་བའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།