དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རི་པིན་ཕུའུ་ཏའོ་ཉིང་རྡུལ་གློག་ཁང་གི་ཉིང་ལྕགས་བཞུར་བའི་འཕྲུལ་ཚན་མང་དུ་འགྲོ་སྲིད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཏུང་ཅིང་ནས་གློག་འཕྲིན་འབྱོར་གསལ། ཏུང་ཅིན་གློག་ཤུགས་ཀུང་སིས་ཟླ་5ཚེས་24ཉིན་ཕུའུ་ཏའོ་ཡི་ཉིང་རྡུལ་གློག་ཁང་དང་པོའི་བྱུར་ཉེས་ཐོན་སྐབས་ཀྱི་གྲངས་གཞིར་དབྱེ་ཞིབ་བྱས་པར་གཞིགས་ན། འཕྲུལ་ཚན་2པ་དང་3པ་ཡང་འཕྲུལ་ཚན་1པོ་དང་འདྲ་བར་ཉིང་ལྕགས་བཞུར་བ་དང་འབར་རྫས་འཇོག་སའི་རྡུལ་ཕྲན་ནུས་འདོན་སྒྲིག་ཆས་ཀྱི་གནོན་ཤུགས་ཡོ་བྱད་ཆག་སྐྱོན་བྱུང་སྲིད་པའི་ཚོད་དཔག་བྱེད་ཐུབ་ཅེས་ཡོངས་བསྒྲགས་བྱས་པ་རེད། མིག་སྔར་གནོན་ཤུགས་ཡོ་བྱད་ཀྱི་མཐའ་འཁོར་གྱི་དྲོད་ཚད་ལ་གཞིགས་ན། འབར་རྫས་མང་ཆེ་བ་སྔར་བཞིན་ཡོ་བྱད་ནང་ཡོད་པ་དང་། ཏུང་ཅིང་གློག་ཤུགས་ཀུང་སིས་རྡུལ་ཕྲན་ནུས་འདོན་སྒྲིག་ཆས་བརྟན་པོའི་ངང་གྲང་མོ་ཆགས་པས་སླད་ཕྱིན་གནས་ཚུལ་ཇེ་སྡུག་ཏུ་འགྲོ་མི་སྲིད་པའི་ངོས་འཛིན་བྱས་པ་དང་། ཏུང་ཅིང་གློག་ཤུགས་ཀུང་སིས་དབྱེ་ཞིབ་བྱས་པ་བརྒྱུད་འཕྲུལ་ཚན་2པ་ཟླ་3ཚེས་11ཉིན་ས་ཡོམ་བརྒྱབ་ནས་རྡུལ་ཕྲན་ནུས་འདོན་སྒྲིག་ཆས་རང་ཤུགས་སུ་འགུལ་མཚམས་ཆད་པའི་རྗེས་ཀྱི་ཆུ་ཚོད་101དང་འཕྲུལ་ཚན་3པ་ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་60ཡི་རྗེས་སུ་འབར་རྫས་མང་ཆེ་བ་གནོན་ཤུགས་ཡོ་བྱད་ཀྱི་མཐིལ་དུ་གསོག་འཁྱིལ་ཐེབས་ལ་གནོན་ཤུགས་ཡོ་བྱད་ལ་ཡང་ཆག་སྐྱོན་བྱུང་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།