དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཨའེ་ཙེའི་ནད་ཁྱབ་རྒྱ་ཆུང་དུ་གཏོང་བའི་ཐད་ཚན་རིག་མཁས་ཅན་ལ་ཤེས་རྟོགས་གལ་ཆེན་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ལུའོ་ཧྲེང་ཅི་ནས་གློག་འཕྲིན་འབྱོར་གསལ། ཨ་མི་རི་ཁ་མཉམ་འབྲེལ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་ཁབ་འཕྲོད་བསྟེན་ཞིབ་འཇུག་ཁང་གིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་ཞིབ་འཇུག་འབྲས་བུ་ཞིག་ནས་ཨའེ་ཙེ་ནད་དུག་ཕོག་པའི་ནད་པར་ཐོག་མའི་དུས་སྐབས་སུ་གཉན་འགོག་རང་བཞིན་གྱི་ནད་དུག་གི་སྨན་རྫས་ལ་བརྟེན་ནས་སྨན་བཅོས་བྱས་ཚེ་ནད་དུག་རང་གི་བཟའ་ཟླར་འགོ་བའི་ཉེན་ཁ་ཆུང་དུ་ཆེས་ཆེར་གཏོང་ཐུབ་ཀྱི་ཡོད་པ་མངོན་ཡོད་པ་རེད།

        ཞིབ་འཇུག་དེ་2005ལོར་བྱེད་འགོ་བརྩམས་པ་དང་ཨ་རིའི་པེ་ཁའེ་ལུའོ་ལའེ་ན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་མའེ་ལུན་·ཁེ་ཨེན་གྱིས་འགོ་ཁྲིད་པའི་ཞིབ་འཇུག་ཚོགས་ཆུང་གིས་ལོ་18ཡན་གྱི་དགའ་གྲོགས་1763ལ་རྗེས་སྙེགས་བྱས་པའི་97%ནི་ཕོ་མོ་ཐ་དད་ཀྱི་དགའ་གྲོགས་ཡིན་པ་དང་། དགའ་གྲོགས་དེ་དག་གླིང་ཆེན་ཨ་ཧྥེ་རི་ཁ་དང་། ཨེ་ཤེ་ཡ། ལ་ཏེང་མེ་གླིང་བཅས་ཀྱི་རྒྱལ་ཁབ་8དང་ཨ་རི་ནས་ཡིན་པ་དང་ཁོང་ཚོའི་ནང་ཕྱོགས་གཅིག་ནི་ཨའེ་ཙེ་ནད་དུག་ཕོག་ཡོད་པ་ཡིན་པ་དང་གཅིག་ཤོས་ནི་ཨའེ་ཙེ་ནད་དུག་ཕོག་མེད་པ་ཡིན་པ་རེད།

        བརྟག་དཔྱད་བྱེད་ཡུལ་སྐབས་བསྟུན་ངང་ཚོགས་ཆུང་གཉིས་ལ་དབྱེ་ཡོད་པ་དང་། ཚོགས་ཆུང་དང་པོའི་ནང་ཨའེ་ཙེ་ནད་དུག་ཕོག་པའི་ཕྱོགས་ཀྱིས་འཕྲལ་དུ་གཉན་འགོག་རང་བཞིན་གྱི་ནད་དུག་སྨན་རྫས་ལ་བརྟེན་ནས་སྨན་བཅོས་བྱས་པ་དང་། ཚོགས་ཆུང་གཉིས་པའི་ནང་ནད་དུག་ཕོག་པའི་ཕྱོགས་ཀྱིས་ཁྲག་རིལ་དཀར་པོའི་གྲངས་ཚད་དམའ་རུ་འགྲོ་སྐབས་སྨན་བཅོས་བྱེད་འགོ་ཚུགས་ཡོད། ཚོགས་ཆུང་གཉིས་ཀྱིས་ལུས་འབྲེལ་བྱེད་པའི་ཁྲོད་སྦྲུམ་འགོག་སྐྱེའུ་བེད་སྤྱོད་བྱས་ཡོད་པས་མཐར་ཚོགས་ཆུང་དང་པོའི་ནང་ཨེ་ཙེ་ནད་དུག་ཕོག་པ་གཅིག་ལས་བྱུང་མེད་པ་དང་ཚོགས་ཆུང་གཉིས་པའི་ནང་ནད་དུག་ཕོག་པ་27བྱུང་ཡོད། ནད་དུག་ལ་དབྱེ་ཞིབ་བྱས་པའི་ཐོག་ནས་གསར་དུ་ནད་དུག་ཕོག་པའི་ལུས་པོའི་ནང་གི་ཨེ་ཙེ་ནད་དུག་ཚང་མ་རང་གི་དགའ་གྲོགས་ལ་འགོས་ཀྱི་ཡོད་པ་རེད།

        ཞིབ་འཇུག་བྱས་པའི་འབྲས་བུའི་ཐོག་ནས་གཉན་འགོག་རང་བཞིན་གྱི་ནད་དུག་གི་སྨན་རྫས་ལ་བརྟེན་ནས་སྨན་བཅོས་བྱེད་རྒྱུ་དེས་ཨའེ་ཙེ་ནད་དུག་ཕོག་ནའང་ནད་གཞི་ཐོན་མེད་པའི་ནད་དུག་འགོ་བའི་ཉེན་ཁ་96.3%དམའ་རུ་འགྲོ་གི་ཡོད་པ་རེད།

        འབྲེལ་ཡོད་འཆར་གཞི་ལྟར་ན་ཞིབ་འཇུག་འབྲས་བུ་དེ་མ་གཞི་བྱས་ན་ལོ་4ཡི་རྗེས་སུ་ཁྱབ་བསྒྲགས་བྱེད་དགོས་ཀྱི་ཡོད་རུང་ཞིབ་འཇུག་མི་སྣས་དེའི་གོ་ལ་ཧྲིལ་པོའི་ཨའེ་ཙེ་ནད་འགོག་བཅོས་ཀྱི་གལ་ཆེའི་དོན་སྙིང་ལ་བསམ་གཞིག་བྱས་ནས་སྔ་སྣུར་དུ་ཁྱབ་བསྒྲགས་བྱེད་རྒྱུའི་གཏན་འབེབས་བྱས་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཞིབ་འཇུག་གྲུབ་འབྲས་དེ་ནི་མིའི་རིགས་ཀྱིས་ཨའེ་ཙེ་ནད་དུག་སྔོན་འགོག་བྱེད་པའི་ཐད་ཀྱི་གལ་ཆེའི་འཕེལ་རིམ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

        ཞིབ་འཇུག་དེའི་ཐོག་ནས་ད་དུང་ཨའེ་ཙེ་ནད་དུག་ཕོག་མཁན་གྱིས་སྔ་ཙམ་ནས་གཉན་འགོག་རང་བཞིན་གྱི་ནད་དུག་གི་སྨན་རྫས་ལ་བརྟེན་ནས་སྨན་བཅོས་བྱས་ཚེ་འདུས་འགྲིལ་གློ་གཅོང་གི་ནད་ཕོག་པའི་ཉེན་ཁ་ཆུང་དུ་འགྲོ་ཐུབ་པ་མངོན་པ་དང་རང་ངོས་ལ་ཕན་པ་ཡོད་ཅིང་། མིག་སྔར་རྒྱལ་ཁབ་མང་པོ་ཞིག་ཏུ་མ་དངུལ་མི་འདང་བ་དང་གཉན་འགོག་རང་བཞིན་གྱི་ནད་དུག་གི་སྨན་རྫས་ལ་བརྟེན་ནས་སྨན་བཅོས་བྱེད་པ་ལས་ཐོན་པའི་ཞོར་ཐོན་གྱི་གནོད་སྐྱོན་ཡོང་བའི་སེམས་ཁྲལ་གྱིས་ཨའེ་ཙེ་ནད་ཀྱི་ནད་དུག་ཕོག་མཁན་དང་ཐ་ན་ནད་གཞི་མངོན་གསལ་དོད་པོ་ཐོན་རྗེས་གཞི་ནས་སྨན་བཅོས་བྱེད་དགོས་པ་མངོན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།