དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རི་པིན་གྱི་མིའི་ཆ་སྙོམས་ཚེ་ཚད་ལོ་83ཟིན་པ་དང་འཛམ་གླིང་གི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ཏུང་ཅིང་ནས་གློག་འཕྲིན་འབྱོར་པར་གཞིགས་ན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་ཤས་གོང་ཡོངས་བསྒྲགས་བྱས་པའི་སྙན་ཞུའི་ནང་རི་པིན་བའི་ཆ་སྙོམས་ཚེ་ཚད་ལོ་83མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད་པས་ཡོ་རོབ་གླིང་གི་རྒྱལ་ཁབ་ཆུང་ངུ་སན་མ་རི་ནོ་དང་མཉམ་དུ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་མངོན་གྱི་ཡོད་པ་རེད།

        རྒྱལ་ཁབ་དེ་གཉིས་ཀྱི་རྗེས་སུ་ཨོ་སི་ཁྲུ་ལི་ཡ་ཡིན་པ་དང་ཆ་སྙོམས་ཚེ་ཚད་ལོ་82ཟིན་གྱི་ཡོད་པ་རེད།

        2011ལོའི་བསྡོམས་རྩིས་གྲངས་གཞི་ནི་2009ལོའི་བརྟག་དཔྱད་གཞིར་བཟུང་ནས་ཐོན་པ་ཡིན་ཞིང་། གྲངས་གཞིའི་ནང་རི་པིན་གྱི་བུད་མེད་ཀྱི་ཆ་སྙོམས་ཚེ་ཚད་ལོ་86ཟིན་པ་དེ་སི་ཕེན་དང་ཧྥ་རན་སི་སོགས་རྒྱལ་ཁབ་ཀྱི་ལོ་85ལས་བརྒལ་ནས་ཨང་དང་པོར་སླེབས་པ་དང་། རི་པིན་གྱི་སྐྱེས་པའི་ཆ་སྙོམས་ཚེ་ཚད་ལོ་80ཟིན་པ་དེ་སྔར་བཞིན་སན་མ་རི་ནོའི་ལོ་82ལས་དམའ་བ་ཡོད་པ་དང་སུའེ་ཏེན་སོགས་རྒྱལ་ཁབ་དང་མཉམ་དུ་ཨང་གཉིས་པར་སླེབས་པ་མངོན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།