དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • འཛམ་གླིང་ཐོག་གི་ཉི་ནུས་གནམ་གྲུ་ཆེ་ཤོས་ཀྱིས་རྒྱལ་ཁབ་ལས་བརྒལ་ནས་འཕུར་སྐྱོད་བྱས་པར་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པུ་རུ་སེར་ནས་གློག་འཕྲིན་འབྱོར་གསལ། འཛམ་གླིང་ཐོག་གི་ཉི་ནུས་གནམ་གྲུ་ཆེ་ཤོས་ཡིན་པའི “ཉི་མའི་སྐུལ་སྒུལ ”རྟགས་ཅན་དེ་ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་13ཉིན་གྱི་ཕྱི་དྲོ་པི་ལི་ཧྲིའི་རྒྱལ་ས་པུ་རུ་སེར་བབས་ཏེ་རྒྱལ་ཁབ་ནས་བརྒལ་བའི་འཕུར་སྐྱོད་ཐོག་མ་དེ་གྲུབ་འབྲས་ཐོབ་པའི་ངང་ལེགས་གྲུབ་བྱུང་བ་རེད། “ཉི་མའི་སྐུལ་སྒུལ ”རྟགས་ཅན་གྱི་གནམ་གྲུ་དེ་སུའེ་ཙེར་ནས་བཟོས་པ་ཡིན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། “ཉི་མའི་སྐུལ་སྒུལ ”རྟགས་ཅན་གྱི་གནམ་གྲུ་དེའི་ལྗིད་ཚད་སྤྱི་རྒྱ་1600ཙམ་དང་གནམ་གྲུའི་གཤོག་པའི་རིང་ཚད་སྨི་63.4ཡོད་པ་དང་གནམ་གྲུའི་གཤོག་པའི་ཐོག་གི་ཉི་ནུས་གློག་རྫས་དེས་ལྗིད་ཚད་སྤྱི་རྒྱ་400ཟིན་པའི་གནམ་གྲུའི་གསོག་བྱེད་གློག་རྫས་བཞིར་གློག་གསོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།