མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཏ་མ་སི་ཁུ་ནས་ཟླ་5ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་སི་རི་ཡ་སྲིད་གཞུང་གིས་གསལ་བསྒྲགས་སྤེལ་ནས་སི་རི་ཡའི་ཙུང་ཐུང་པ་ཧྲའར་དང་དེ་བཞིན་མཐོ་རིམ་དཔོན་རིགས་གཞན་དག་ལ་ཨ་རིས་བཀག་སྡོམ་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་རེད། གསལ་བསྒྲགས་ནང་ཨ་རིའི་བཀག་སྡོམ་དེ་ནི་སི་རི་ཡར་བཀག་སྡོམ་རབ་དང་རིམ་པ་བྱས་པའི་ཆ་ཤས་ཤིག་ཡིན་པ་དང་དམིགས་ཡུལ་ནི་དབྱི་སི་རལ་ལ་ཁེ་ཕན་རག་ཐབས་བྱ་རྒྱུ་དེ་ཡིན་མོད། འོན་ཀྱང་བཀག་སྡོམ་དེ་ལས་སི་རི་ཡའི་དེང་སྐབས་དང་སླད་ཕྱིན་གྱི་རང་བཙན་ཐབས་ཇུས་ལ་ཤུགས་རྐྱེན་ཐེབས་མི་སྲིད་ཅེས་འཁོད་ཡོད་པ་རེད།
ཚེས་18ཉིན་ཨ་རིའི་ཙུང་ཐུང་ཨའོ་པ་མས་སི་རི་ཡ་སྲིད་གཞུང་ལ་བཀག་སྡོམ་བྱ་རྒྱུའི་བཀའ་བཏང་ཞིང་། བཀག་སྡོམ་མིང་ཐོའི་ནང་སི་རི་ཡའི་ཙུང་ཐུང་དང་། ཙུང་ཐུང་གཞོན་པ། ཙུང་ལི། རྒྱལ་སྲུང་པུའི་པུའུ་ཀྲང་། ནང་སྲིད་པུའི་པུའུ་ཀྲང་། དམག་དོན་གསང་འཕྲིན་ཅུས་ཀྱི་ཅུས་ཀྲང་། ཆབ་སྲིད་བདེ་འཇགས་ཅུས་ཀྱི་ཅུས་ཀྲང་བཅས་ཁྱོན་མཐོ་རིམ་དཔོན་རིགས་7ཚུད་ཡོད་པ་རེད།
མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཁེ་རོ་ནས་ཟླ་5ཚེས་19ཉིན་གློག་འཕྲིན་འབྱོར་གསལ། 《ཨེ་ཅིབ་སྤྱི་བསྒྲགས 》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་18ཉིན་སི་རི་ཡའི་ཙུང་ཐུང་པ་ཧྲའར་གྱིས་སི་རི་ཡའི་བདེ་འཇགས་དཔུང་སྡེས་རྒྱལ་ནང་གི་ཟིང་ཆ་བཀག་འགོག་བྱེད་པའི་ཐད་ནོར་འཁྲུལ་ཤོར་བ་ཁས་བླངས་པ་དང་ཉེན་རྟོག་པ་སྟོང་ཕྲག་ཙམ་གྱིས་གསོ་སྦྱོང་གསར་པ་དང་ལེན་ཞུ་བཞིན་ཡོད་ཅེས་གསུངས་པ་རེད།