དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཨ་ཧྥེ་རི་ཁ་ལྷོ་མའི་དཔོན་རིགས་ཀྱིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་འདོམས་གསར་པ་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནས་ཐོན་རེ་བྱེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་གཡོད་ཧན་ནེ་སི་པའོ་ནས་ཟླ་5ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་ནོར་སྲིད་པུའུ་ཀྲང་ཕུའུ་ལ་དབུན ·ཀེར་ཏན་གྱིས་གཏམ་བཤད་བྱས་ནས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས (IMF)ཀྱི་སྤྱི་འདོམས་གསར་པ་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནས་ཐོན་རྒྱུའི་རེ་བ་བྱས་ཡོད།

        ཀེར་ཏན་གྱི་གཏམ་བཤད་ནང་IMFཡི་སྤྱི་འདོམས་གསར་པ་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནས་ཡིན་དགོས། ཨ་ཧྥེ་རི་ཁ་ལྷོ་མའི་ནོར་སྲིད་པུའུ་ཀྲང་ཟུར་པ་ད་ལྟ་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་ལས་ཤག་གི་པུའུ་ཀྲང་ཡིན་པའི་མན་གཡོད་ཨེར་ནི་ད་རེས་ཀྱི་ལས་གནས་དེའི་གདམ་བྱའི་འོས་མི་ཞིག་ཡིན་ལུགས་བསྟན་ཡོད།

        ཀེར་ཏན་གྱིས་IMFསོགས་སྒྲིག་གཞིར་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་དུས་བབ་གསར་པ་དང་འཚམས་པའི་སྒྱུར་བཅོས་ཤིག་དགོས་ཀྱི་ཡོད་པས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནང་གི་གདམ་བྱའི་འོས་མིས་སྒྲིག་གཞི་དེའི་སྤྱི་འདོམས་བྱས་ན་སྒྲིག་གཞི་དེར་སྒྱུར་བཅོས་ལས་ཕན་པ་ཆེན་པོ་ཐོབ་སྲིད། གལ་སྲིད་མན་གཡོད་ཨེར་IMFཡི་སྤྱི་འདོམས་གསར་པར་བསྐོས་ཚེ་སྒྲིག་གཞི་དེར་སྲོལ་རྒྱུན་མིན་པའི་བསམ་བློ་གཏོང་ཕྱོགས་ཤིག་ཐོན་ནས་IMFཡིས་བཏོན་པའི་སྲིད་ཇུས་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་ཚང་མའི་ཁེ་ཕན་དང་ལྷག་པར་འཚམ་པོ་ཡོད་ལུགས་བཤད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།