དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མ་རྩ་བསྡུས་ནས་ལི་པི་ཡར་རོགས་སྐྱོར་བྱ་རྒྱུའི་རེ་འབོད་སླར་ཡང་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་རི་ནེ་ཝ་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཨ་སྒོར་དུང་ཕྱུར་4.07བསྡུ་རུབ་བྱས་ནས་དྲག་པོའི་གདོང་ཐུག་གི་གནོད་འཚེ་ཕོག་པའི་ལི་པི་ཡ་བ་ཁྲི་200ལ་རོགས་རམ་བྱེད་དགོས་པའི་རེ་འབོད་བྱས་ཡོད།

        ལི་པི་ཡ་བའི་མི་ཆོས་རིང་ལུགས་ལས་ཀའི་འགན་འཁུར་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐུན་སྦྱོར་བ་མུའོ་མུའུ་ཐི་ཚེས་ཉིན་དེར་རི་ནེ་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདི་ལོའི་ཟླ་བ་གསུམ་པའི་ནང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཨ་སྒོར་དུང་ཕྱུར་1.6བསྡུས་ནས་ལི་པི་ཡར་འཕྲད་སྲིད་པའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ལ་ཁ་གཏད་གཅོག་རྒྱུའི་རེ་འབོད་བྱས་ཡོད་པ་དང་ཆབས་ཅིག་རྒྱལ་ཁབ་དེའི་དུས་བབ་ལ་འགྱུར་ལྡོག་ཕྱིན་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མ་དངུལ་མང་དུ་བཏང་ནས་ལི་པི་ཡར་རོགས་སྐྱོར་བྱེད་དགོས་ལུགས་སླར་ཡང་རེ་འབོད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

        མུའུ་མུའུ་ཐི་ཚེས་ད་དུང་ལི་པ་ཡ་སྲིད་གཞུང་དང་ངོ་རྒོལ་ཤོག་ཁག་ལ་དམག་དོན་བྱ་སྤྱོད་གནས་སྐབས་མཚམས་འཇོག་བྱས་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་མི་སྣ་དང་དངོས་པོ་ལི་པི་ཡའི་ནུབ་རྒྱུད་ས་ཁུལ་དང་རྒྱལ་ས་ཐི་རི་ཕོ་ལིར་སྐྱེལ་དུ་འཇུག་དགོས་པའི་རེ་འབོད་ཀྱང་གནང་ཡོད།

        མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདི་ལོའི་ཟླ་བ་གཉིས་པར་ལི་པི་ཡ་སྲིད་གཞུང་དང་ངོ་རྒོལ་ཤོག་ཁག་དབར་དྲག་པོའི་གདོང་ཐུག་བྱུང་ཚུན་མི་གྲངས་ཁྲི་80.3ཕྱི་རྒྱལ་དུ་བྲོས་བྱོལ་ལ་ཕྱིན་པ་དང་མི་གྲངས་ཁྲི་20བུད་སྟོངས་ཡུལ་གྱར་གྱི་གནས་སུ་ལུས་པ་དང་མིག་སྔར་ད་དུང་མི་གྲངས་5000ཙམ་ལི་པི་ཡ་དང་། ཐུ་ནི་སི། ཨེ་ཅིབ། ནི་ཀྲེར་སོགས་རྒྱལ་ཁབ་ཀྱི་མཐའ་མཚམས་ས་ཁུལ་དུ་ལུས་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།