དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • མི་འདྲ་བའི་བྱིས་དུས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསྡོམས་རྩིས་ལ་གཞིགས་ན། 2010ལོའི་ལོ་མཇུག་བར་ཕ་ལེ་སི་ཐན་གྱི་ཡུལ་གྱར་མི་གྲངས་སྤྱི་འབོར་ཁྲི་480ཟིན་པ་དང་ཁོ་ཚོ་ཅོར་ཏན་གཙང་པོའི་ནུབ་འགྲམ་དང་། ཅ་ཧྲ་ས་ཁུལ། ཅོར་ཏན། སི་རི་ཡ། ལེ་པ་ནོན་བཅས་ཀྱི་སྟབས་བདེའི་ཡུལ་གྱར་བའི་སྒར་སར་ཐར་ཐོར་དུ་གནས་ཡོད་པ་རེད། ཡུལ་གྱར་བའི་སྒར་སར་སྐྱེས་པའི་བྱིས་པ་ཆུང་དུས་ནས་དབུལ་ལ་བཙོག་ཟིང་དང་། བདེ་འཇགས་གནས་ཚུལ་ཡག་པོ་མེད་པ། དབྱི་སི་རལ་གྱི་ལོགས་དབྱེའི་གྱང་གི་བཀག་བཅད་ཕོག་པའི་ཁོར་ཡུག་འོག་གྱང་ཕྱི་རོལ་གྱི་ཕྲུ་གུ་ཚོ་དང་མི་འདྲ་བའི་བྱིས་པའི་འཚོ་བ་ཞིག་སྐྱེལ་དགོས་ཀྱི་ཡོད།

        ཟླ་5ཚེས་18ཉིན་ཅོར་ཏན་གཙང་པོའི་ནུབ་འགྲམ་གྲོང་ཁྱེར་པོ་ལི་ཧེང་གི་ཡུལ་གྱར་བའི་སྒར་ས་གཅིག་གི་ནང་ཕ་ལེ་སི་ཐན་གྱི་བུ་ཞིག་གིས་རང་ཁྱིམ་གྱི་ཉི་གཡབ་ཐོག་ངལ་གསོ་བརྒྱབ་པ་དང་ཉི་གཡབ་ཀྱི་ཟུར་དུ་ལོགས་དབྱེའི་གྱང་ལས་བརྒལ་ནས་རང་ཁྱིམ་དུ་ཕྱིར་ལོག་བྱ་རྒྱུ་འབོད་སྐུལ་བྱེད་པའི་བརྡ་ཆ་ཞིག་བཀལ་ཡོད་པ།

        ཟླ་5ཚེས་18ཉིན་ཅོར་ཏན་གཙང་པོའི་ནུབ་འགྲམ་གྲོང་ཁྱེར་པོ་ལི་ཧེང་གི་ཡུལ་གྱར་བའི་སྒར་ས་གཅིག་གི་ནང་ཕ་ལེ་སི་ཐན་གྱི་བུ་མོ་ཆུང་ཆུང་གཉིས་ལག་གདང་སྦྲེལ་ནས་ལམ་ཆུང་ཐོག་བསྐྱོད་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།