དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཨུ་རུ་སུའི་ཙུང་ཐུང་གིས་ཨུ་རུ་སུ་དང་ཨ་རི་དང་དེ་བཞིན་བྱང་ཆིངས་ཀྱིས་འཕུར་མདའ་འགོག་པའི་གནད་དོན་ཐད་ངེས་པར་དུ་གྲོས་མཐུན་འཇོག་ཐུབ་པ་བྱེད་དགོས་ཞེས་གསུངས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་གློག་འཕྲིན་འབྱོར་གསལ། ཚེས་18 ཉིན་ཨུ་རུ་སུའི་ཙུང་ཐུང་མེ་ཏེ་ཝུའེ་ཅེ་ཕུའུ་ཡིས་ཨུ་རུ་སུ་དང་བྱང་ཆིངས་དེ་བཞིན་ཨ་རི་བཅས་ཀྱིས་འཕུར་མདའ་འགོག་པའི་གནད་དོན་ཐད་ངེས་པར་དུ་གྲོས་མཐུན་འཇོག་དགོས་པ་དང་དེ་ལས་ལྡོག་ཚེ་ཨུ་རུ་སུས་ཁ་གཏད་གཅོག་ཐབས་སྤྱོད་རྒྱུ་ཡིན་ཞེས་གསུངས་པ་རེད།

        མེ་ཏེ་ཝུའེ་ཅེ་ཕུའུ་ཡིས་མོ་སི་ཁོའི་གྲོང་ཁྱེར་ཕྱི་རོལ་གྱི་སི་ཁོའར་ཁོ་ཨའོ་རུ་འཚོགས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་ཐོག་ཨ་རི་དང་བྱང་ཆིངས་ཀྱིས་འཕུར་མདའ་འགོག་པའི་མཉམ་ལས་ཐད་ཨུ་རུ་སུས་བཏོན་པའི་འབྲེལ་ཡོད་གནད་དོན་ལ་ལན་འདེབས་པ་མ་ཟད་མཉམ་ལས་བྱེད་སྟངས་འཚོལ་ཞིབ་ཀྱང་ཐུབ་པ་བྱེད་དགོས་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་དང་ཁོང་གིས་འཕུར་མདའ་འགོག་པའི་གནད་དོན་ཐད་གྲོས་མཐུན་འཇོག་མ་ཐུབ་ཚེ་ཨུ་རུ་སུས་ཁ་གཏད་གཅོག་ཐབས་སྤྱད་དེ་འཐབ་ཇུས་ཀྱི་ཕར་རྒོལ་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།