མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཉིའུ་གཡོད་ནས་ཟླ་5 ཚེས་16 ཉིན་གློག་འཕྲིན་འབྱོར་གསལ། ཨ་རིའི་ཉིའུ་གཡོད་ཀྱི་མེན་ཧ་ཏུན་ཉེས་དོན་ཁྲིམས་ཁང་གིས་ཚེས་16 ཉིན “བྲོས་བྱོལ་གྱི་ཉེན་ཁ ”ཡོད་པ་རྒྱུ་མཚན་དུ་བྱས་ནས་ཁ་ཨེན་གྱི་དག་འབུད་ཁྲིམས་རྩོད་པས་བཏོན་པའི་གློད་བཀྲོལ་གཏོང་རྒྱུའི་རེ་བ་ཁས་མ་བླངས་པ་དང་ཁ་ཨེན་ཉིའུ་གཡོད་ཉེན་རྟོག་ཕྱོགས་ཀྱིས་མུ་མཐུད་བཙོན་འཇུག་བྱས་པ་རེད།
ཁྲིམས་རར་ཉིན་དེ་གར་འདྲི་གཅོད་བྱེད་པའི་ཁྲོད་ཁ་ཨེན་གྱི་དག་འབུད་ཁྲིམས་རྩོད་པས་ཨ་སྒོར་ཁྲི་100 སྤྲད་དེ་ཁ་ཨེན་གློད་བཀྲོལ་གཏོང་རྒྱུའི་རེ་བ་བཏོན་པ་རེད། ཞིབ་དཔྱོད་དཔོན་གྱིས་ཁ་ཨེན་ལ “བྲོས་བྱོལ་གྱི་ཉེན་ཁ ”ཡོད་པས་ཁྲིམས་དཔོན་ལ་མུ་མཐུད་བཙོན་འཇུག་བྱ་རྒྱུའི་རེ་བ་བཏོན་པ་རེད། ཞིབ་དཔྱོད་དཔོན་གྱིས་ཁ་ཨེན་ལ་སྐྱོན་འདོན་ཞུ་གཏུག་གི་ངོ་བོ་ཚབས་ཆེ་བས་གློད་བཀྲོལ་གཏོང་མི་ཐུབ་ཅེས་བཤད་པ་རེད།