མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཁེ་རོའི་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཐི་རི་ཕོ་ལི་ནས་གནས་ཚུལ་འབྱོར་པར་གཞིགས་ན། ཚེས་18ཉིན་ལི་པི་ཡའི་རྒྱལ་ས་ཐི་རི་ཕོ་ལིའི་དངོས་སུ་མཐོང་མཁན་ཞིག་གིས་བྱང་ཆིངས་རྩ་འཛུགས་ཀྱི་དམག་འཐབ་གནམ་གྲུ་གྲོང་ཁྱེར་གྱི་མཁའ་དབྱིབས་སུ་སླེབས་སྐབས་ནང་དོན་དུ་སྲིད་གཞུང་དམག་གི་དམག་མིར་དྲག་པོའི་འགོག་རྒོལ་བྱེད་མཚམས་འཇོག་རེ་བྱེད་པ་བཀོད་པའི་བསྒྲགས་ཡིག་མང་པོ་དབྱུགས་སོང་ཞེས་བརྗོད། ས་གནས་དེ་གའི་དམངས་ཚོགས་ཚོར་ད་དུང་ལི་པི་ཡའི་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་པ་དང་དམངས་ཚོགས་ལ་དམག་དོན་སྒྲིག་བཀོད་ཉེ་སར་སྡོད་མི་རུང་བའི་དྲན་སྐུལ་བྱ་རྒྱུའི་རླུང་འཕྲིན་ཡང་ཐོས་ཡོད་པ་རེད།
མི་དམངས་ཉིན་རེའི་ཚགས་པར་ཁང་དུ་མོ་སི་ཁོ་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཕུའུ་ལུའོ་ཕུའུ་ཡིས་ཚེས་16དང་། ཚེས་17ཉིན་སོ་སོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པི་ཡའི་གནད་དོན་གྱི་དམིགས་བསལ་སྐུ་ཚབ་ཧ་ཐི་ཕུའུ་དང་ཁ་ཀྲ་ཕེའི་དམིགས་བསལ་སྐུ་ཚབ་མུའུ་ཧན་མོ་ཏེ ·ཧྲ་ལི་ཕུའུ་དང་མཇལ་འཛོམས་བྱས་རྗེས་སླད་ཕྱིན་གྱི་ཉིན་ཤས་ནང་ལི་པི་ཡའི་ངོ་རྒོལ་ཤོག་ཁག་གི་འཐུས་མི་དང་མཇལ་འཛོམས་བྱེད་སྲིད་ཅེས་གསུངས་ཤིང་། ཨུ་རུ་སུའི་སྨྱན་སྦྱོར་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། མ་གཞི་བྱས་ན་ལི་པི་ཡའི་ངོ་རྒོལ་ཤོག་ཁག་གི་འཐུས་མི་ཚེས་18ཉིན་ཨུ་རུ་སུར་འབྱོར་རྒྱུ་ཡིན་ཡང་ཨུ་རུ་སུ་ཕྱོགས་ཀྱིས “གནས་ཚུལ་གྱིས་རྐྱེན་པས ”ངོ་རྒོལ་ཤོག་ཁག་གིས་འཚམས་འདྲི་ནར་འགྱང་མི་བྱེད་ཀ་མེད་བྱུང་བ་ཤེས་བྱུང་ཞེས་བརྗོད་པ་རེད།