དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ལི་པི་ཡ་སྲིད་གཞུང་གིས་ཐི་རི་ཕོ་ལིར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་གཅོད་སྒྲིག་གཞི་སླར་གསོ་བྱ་རྒྱུར་མོས་མཐུན་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་རེ་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་རེ་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པི་ཡའི་མི་ཆོས་རིང་ལུགས་ཀྱི་ལས་ཀའི་འགན་འཁུར་མཁན་ཡིན་པའི་མཐུན་སྤྱོར་བ་མོ་མུའུ་ཐི་ཚི་ཡིས་ཉེ་ཆར་ལི་པི་ཡ་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་མི་སྣ་ལི་པི་ཡའི་རྒྱལ་ས་ཐི་རི་ཕོ་ལིར་བཅའ་སྡོད་བྱ་རྒྱུ་དང་ལེན་བྱས་ནས་འཕྲོག་བཅོམ་གྱིས་རྐྱེན་པས་འུ་ཐུག་ངང་ཕྱིར་འཐེན་བྱེད་དགོས་བྱུང་བའི་དོན་གཅོད་སྒྲིག་གཞི་སླར་གསོ་བྱ་རྒྱུར་མོས་མཐུན་བྱས་ཡོད་ཅེས་གསུངས་པ་རེད།

        མོ་མུའུ་ཐི་ཚི་ཡིས་གྲོས་མོལ་བྱེད་རིང་ལི་པི་ཡ་སྲིད་གཞུང་གིས་རྣམ་འགྱུར་ཡག་པོ་བསྟན་པར་བློ་ཡིད་ཚིམ་པོ་གནང་ཞིང་། ཁོང་གིས་གྲོས་མོལ་གྱི་གྲུབ་འབྲས་ནི “དྲང་གཞག་དང་ཕན་པ་ཆེ་བ ”དང “དགེ་མཚན་ཤིན་ཏུ་ཆེན་པོ་ལྡན་པ ”ཞིག་ཡིན་པའི་ངོས་འཛིན་གནང་གི་ཡོད། མོ་མུའུ་ཐི་ཚི་ཡིས་ལི་པི་ཡ་སྲིད་གཞུང་གིས་ཐི་རི་ཕོ་ལིར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་གཅོད་སྒྲིག་གཞིར་ཟླ་བ་འདིའི་ཟླ་འགོར་འཕྲོག་བཅོམ་གྱི་གནས་ཚུལ་ཐོན་པར་དགོངས་སེལ་ཞུས་པ་དང་འབྲེལ་སྒྲིག་གཞི་དེའི་བདེ་འཇགས་འགན་ལེན་བྱེད་འདོད་ཀྱང་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།