དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • སི་རི་ཡས་ཏེ་ལ་ཞིང་ཆེན་དུ“མཉམ་སྡེབ་དུར་ས”ཡོད་པ་ཁས་མ་བླངས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཏ་མ་སི་ཁུ་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། སི་རི་ཡའི་ནང་སྲིད་པུས་ཚེས་17ཉིན་སྨྱན་སྦྱོར་ཚན་པ་ཁག་གཅིག་གིས་སི་རི་ཡ་ལྷོ་རྒྱུད་ཀྱི་ཏེ་ལ་ཞིང་ཆེན་དུ “མཉམ་སྡེབ་ཀྱི་དུར་ས ”ཡོད་པ་ཤེས་རྟོགས་བྱུང་ཡོད་ཅེས་གནས་ཚུལ་གཏོང་སྤེལ་བྱས་པའི་དོན་དེ་ནི་གཞི་འཛིན་ས་གཏན་ནས་མེད་པའི་དཀྲོག་གཏམ་ཞིག་རེད་ཅེས་བརྗོད་པ་དང་། སི་རི་ཡ་ནང་སྲིད་པུས་ནུབ་རྒྱུད་ཀྱི་ཏེ་ལ་ཞིང་ཆེན་གྱི་སྤྱི་ཚོགས་སྒྲིག་ལམ་རྒྱུན་ལྡན་ལྟར་སླར་གསོ་བྱུང་ཡོད་ཅེས་སླར་ཡང་ནན་བཤད་བྱས་པ་རེད།

        སི་རི་ཡའི་དམག་དཔུང་ཟླ་4ཚེས་25ཉིན་གཞི་ཁྱོན་ཆེ་བའི་ཟིང་ཆ་ལངས་སའི་ཏེ་ལ་ཞིང་ཆེན་དུ་བསྐྱོད་པ་དང་འབྲེལ་ཟླ་5ཚེས་5ཉིན་ཟིང་ཆ་ཞོད་འཇགས་གཏོང་བའི་ལས་འགན་ལེགས་གྲུབ་བྱུང་ནས་ཕྱིར་འཐེན་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། སྨྱོན་སྦྱོར་ཚན་པ་ཁག་གཅིག་གིས་དེ་རྗེས་ཏེ་ལ་ཞིང་ཆེན་གྱི་ཞིང་ཁའི་ནང་ནས་རོ་13སྦས་པའི “མཉམ་སྡེབ་ཀྱི་དུར་ས ”ཞིག་ཤེས་རྟོགས་བྱུང་ཡོད་ཅེས་པའི་གནས་ཚུལ་སྤེལ་ཡོད་པ་རེད།

        སི་རི་ཡའི་ཙུང་ཐུང་པ་ཧྲའར་གྱིས་ཚེས་16ཉིན་རྒྱལ་ས་ཏ་མ་སི་ཁུར་ཏེ་ལ་ཞིང་ཆེན་གྱི་དམངས་ཚོགས་འཐུས་མི་ཚོགས་པར་མཇལ་འཕྲད་གནང་བ་དང་འཐུས་མི་ཚོགས་པའི་ཁོངས་མིས་སི་རི་ཡའི་དམག་དཔུང་གིས་དྲག་ཆས་པ་མུ་མཐུད་འདེད་འཛིན་བྱས་ཏེ་ཏེ་ལ་ཞིང་ཆེན་གྱི་བདེ་འཇགས་དུས་བབ་དེ་ཟིང་ཆ་མ་བྱུང་གོང་གི་རྣམ་པར་སླར་གསོ་ཡོང་རྒྱུའི་རོགས་རམ་བྱེད་དགོས་པའི་རེ་བ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།