དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཁྲའོ་ཞན་ཕོང་དབྱང་གི་དཔྱིད་དུས་ཚོང་ཟོག་འགྲེམས་སྟོན་ཚོང་འདུས་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཕོང་དབྱང་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཕོང་དབྱང་གི་དཔྱིད་དུས་ཚོང་ཟོག་འགྲེམས་སྟོན་ཚོང་འདུས་སྐབས་བཅུ་བཞི་པ་ཚེས་16ཉིན་ཕོང་དབྱང་གི་གསར་བརྗེ་ཆེན་པོ་གསུམ་གྱི་འགྲེམས་སྟོན་ཁང་དུ་འགོ་ཚུགས་ཤིང་། ཁྲའོ་ཞན་ནང་བློན་ཁང་གི་ཙུང་ལི་གཞོན་པ་ཅང་ཤིས་ཀྲུའུ་དང་དེ་བཞིན་བཅའ་བཞུགས་རྒྱལ་ཁབ་ཁག་གི་གཞུང་ཚབ་གོང་ཚེས་ཉིན་མཛད་སྒོར་ཕེབས་ཡོད་པ་རེད།

        ཁྲའོ་ཞན་དང་། ཀྲུང་གོ རྒྱ་གར་སོགས་ཚུད་པའི་རྒྱལ་ཁབ་དང་ས་ཁུལ་བཅུ་ལྷག་ཙམ་ད་རེས་ཀྱི་འགྲེམས་སྟོན་ནང་ཞུགས་པ་དང་འགྲེམས་སྟོན་ནང་ཞུགས་མཁན་ཀུང་སི་280ལྷག་ཙམ་ལོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།