དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཧན་གོ་གཅིག་གྱུར་པུས་ཁྲའོ་ཞན་ལ་འབྲུ་རིགས་རོགས་སྐྱོར་བྱེད་པའི་དགོས་ངེས་རང་བཞིན་དང་ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་བར་བསམ་བློ་གཏོང་རྒྱུ་ཡིན་ཞེས་བཤད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ཧྲོའར་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་ཧན་གོ་གཅིག་གྱུར་པུའི་མགྲིན་ཚབ་པ་ལི་ཀྲུང་ཀྲུའུ་ཡིས་ཧན་གོ་སྲིད་གཞུང་གིས་ཁྲའོ་ཞན་ལ་འབྲུ་རིགས་རོགས་སྐྱོར་བྱེད་པའི་གནད་དོན་ཐད་ཀྱི་གཞི་རྩའི་ལངས་ཕྱོགས་ནི་ཁྲའོ་ཞན་གྱི་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་ལ་གཞིགས་ཏེ་རོགས་སྐྱོར་མཁོ་འདོན་བྱ་རྒྱུའི་དགོས་ངེས་རང་བཞིན་ལ་བསམ་བློ་གཏོང་རྒྱུ་དང་དུས་མཚུངས་ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་དང་དེ་བཞིན་འབྲེལ་ཡོད་སྲིད་ཇུས་ལ་བསམ་བློ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

        ལི་ཀྲུང་ཀྲུའུ་ཡིས་དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག “ཐན་ཨན ”རྟགས་ཅན་གྱི་དོན་རྐྱེན་ཐོན་རྗེས་ཧན་གོ་སྲིད་གཞུང་གིས་ན་ནིང་ཟླ་5ཚེས་24ཉིན་བཏོན་པའི་ཁྲའོ་ཞན་ལ་བཀག་སྡོམ་བྱེད་པའི་བྱེད་ཐབས་ཀྱི་ནུས་པ་སྔར་བཞིན་ཐོན་རྒྱུ་ཡིན་པ་དང་ཁྲའོ་ཞན་གྱི་ཕྲུ་གུ་དམར་འབྱར་དང་སྦྲུམ་མ་སོགས་ཉམས་ཞན་ཚོགས་སྤྱིར་དམིགས་པ་ཕུད་པའི་རོགས་སྐྱོར་རྣམ་གྲངས་ཚང་མ་མཚམས་བཞག་ཡོད། ཧན་གོའི་དམངས་ཁྲོད་སྒྲིག་གཞི་ཁག་གཅིག་གིས་སྲིད་གཞུང་གི་ཆོག་མཆན་མ་ཐོབ་པར་ཁྲའོ་ཞན་དང་འབྲེལ་བ་བྱས་པ་དང་འབྲེལ་འབྲུ་རིགས་དང་བཟའ་བཅའ་རོགས་སྐྱོར་བྱས་པ་དེ “མི་འོས་པ་ཞིག་རེད། ” ཧན་གོ་སྲིད་གཞུང་གིས་འབྲེལ་ཡོད་བཅའ་ཁྲིམས་གཞིར་བཟུང་འབྲེལ་ཡོད་བྱེད་ཐབས་སྤྱོད་མིན་ཐད་བསམ་བློ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།