དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཡོ་རོབ་མནའ་འབྲེལ་གྱིས་རི་པིན་གྱི་ཚབ་བྱས་ནས་རང་རྒྱལ་གྱི་ནང་འདྲེན་ཡོང་ཁུངས་ཆེ་ཤོས་སུ་གྱུར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཡའོ་ཅན་གྱིས་ན་ནིང་རི་པིན་ནི་རང་རྒྱལ་གྱི་ནང་འདྲེན་ཡོང་ཁུངས་ཆེ་ཤོས་དང་པོ་ཡིན་མོད། འོན་ཀྱང་འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར་གྱི་རིམ་རྩིས་གྲངས་གཞིར་གཞིགས་ན་ཡོ་རོབ་མནའ་འབྲེལ་གྱིས་རི་པིན་གྱི་ཚབ་བྱས་ནས་རང་རྒྱལ་གྱི་ནང་འདྲེན་ཡོང་ཁུངས་ཆེ་ཤོས་སུ་གྱུར་ཡོད་ཅེས་བཤད་པ་རེད།

        ཟླ་བཞི་པར་རང་རྒྱལ་གྱི་ཕྱིར་གཏོང་འཕར་ཚད་དུས་ཚིགས་དང་པོ་དང་བསྡུར་ན་བརྒྱ་ཆའི་གྲངས་3.4འཕར་བ་དང་ནང་འདྲེན་འཕར་ཚད་བརྒྱ་ཆའི་གྲངས་10.8ཆག་ཡོད། ཡ་ཟླར་སླར་ཡང་ཉོ་ཚོང་གཏོང་མང་ཡོང་ཉུང་གི་ཧེ་བག་ཐོན་ནས་ཨ་སྒོར་དུང་ཕྱུར་114.2ཟིན་ཡོད། ཡིན་ནའང་གཏོང་མང་ཡོང་ཉུང་གི་ཧེ་བག་དེ་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་མངོན་གསལ་དོད་པོས་ཆུང་དུ་སོང་ཡོད་པ་དང་ཕྱི་ཕྱོགས་ཉོ་ཚོང་གི་སྤྱི་ཡོངས་དེ་བས་དོ་སྙོམས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་གི་ཡོད་པ་རེད།

        ཡའོ་ཅན་གྱིས་རི་པིན་དུ་ས་ཡོམ་ཆེན་པོ་བརྒྱབ་པ་དེས་རང་རྒྱལ་གྱི་ནང་འདྲེན་ཐད་ཤུགས་རྐྱེན་མངོན་གསལ་དོད་པོ་ཐེབས་ཡོད། ཟླ་བཞི་པར་རང་རྒྱལ་གྱིས་རི་པིན་ནས་ཨ་སྒོར་དུང་ཕྱུར་159.9ནང་འདྲེན་བྱས་པ་དེ་ན་ནིང་གི་དུས་མཚུངས་ལས་4.7%འཕར་བ་དེ་དུས་ཚིགས་དང་པོའི་འཕར་ཚད་26.4%ལས་དམའ་བ་ཡོད་ཅིང་། ཚོང་དོན་པུས་འགྱུར་ལྡོག་དེར་གཞིགས་ནས་བྱེད་ཐབས་སྔར་ལས་ལྷག་པ་སྤྱད་དེ་རི་པིན་དང་དཔལ་འབྱོར་སྤེལ་རེས་དང་མཉམ་ལས་བྱེད་སྒོ་སྤེལ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་དེར་རི་པིན་གྱི་གེགས་བར་རྗེས་ཀྱི་བསྐྱར་སྐྲུན་བྱ་རྒྱུ་དེ་ཚུད་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།