དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་གསར་དུ་བསྐོ་གཞག་བྱས་པའི་དྲུང་ཆེ་ལས་གནས་ཐོག་བསྐྱོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཚེས་15ཉིན་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་འཚོགས་ནས་ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ན་པི་ལེ ·ཨ་ལ་པིས་མུའུ་ས་ཡི་ཚབ་བྱས་ནས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སྐབས་གསར་པའི་དྲུང་ཆེ་བྱ་རྒྱུར་གཅིག་གྱུར་ཐོག་མོས་མཐུན་བྱས་པ་རེད།

        ཨ་ལ་པི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཆེ་བྱས་པ་དེ་ཨ་རབ་རྒྱལ་ཁབ་ལྷིང་འཇགས་མེད་པའི་དཀའ་ཚེགས་ཆེ་བའི་དུས་སྐབས་དང་ཏག་ཏག་འཁེལ་བ་རེད།

        མིག་སྔར་ལི་པི་ཡ་དང་། ཡེ་མེན། སི་རི་ཡ་སོགས་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་མདུན་ལམ་སྔར་བཞིན་གསལ་པོ་མེད་པ་རེད། ལི་པི་ཡའི་གནད་དོན་ཐད་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་འཕུར་སྐྱོད་བྱེད་མི་ཆོག་པའི་ཁུལ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས་ནུབ་ཕྱོགས་རྒྱལ་ཁབ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཀྱི་མིང་ཐོག་ནས་དམག་དོན་ཐེ་ཇུས་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་པ་རེད། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཀྱང་ཡེ་མེན་དང་སི་རི་ཡའི་དུས་བབ་ལ་རྣམ་འགྱུར་མི་འདྲ་བ་བསྟན་ཡོད་པ་རེད། ས་ཁུལ་འདི་གའི་རྒྱལ་ཁབ་ཀྱི་ལྷིང་འཇགས་མེད་པའི་དུས་བབ་ལ་ཁ་གཏད་འཇལ་བའི་ཐོག་ནས་ཀྱང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་ནང་ཁུལ་གྱི་འགལ་བ་མཚོན་ཐུབ་ཀྱི་ཡོད་པ་རེད།

        མི་འབོར་མང་ཤོས་ཀྱི་ཨ་རབ་རྒྱལ་ཁབ་ཡིན་པའི་ཨེ་ཅིབ་ཏུ་ཆབ་སྲིད་ཀྱི་དུས་བབ་ལྷིང་འཇགས་མེད་པའི་གནས་ཚུལ་ཐོན་རྗེས་འཛམ་གླིང་དབུས་ཤར་དང་ཨ་ཧྥེ་རི་ཁ་གླིང་དུ་ཡོད་པའི་རྒྱལ་ཁབ་ཆེན་པོའི་གནས་བབ་སླར་གསོ་བྱ་རྒྱུར་གཞོལ་བཞིན་ཡོད་པ་རེད།

        ཨེ་ཅིབ་ཀྱིས་ཨ་རབ་མནའ་འབྲེལ་གྱི་དྲུང་ཆེའི་གོ་གནས་ཐོག་མ་ནས་བཟུང་ཐོབ་རེ་བྱེད་ཅིང་། དེ་སྔ་ཨེ་ཅིབ་ཀྱིས་མིང་བཏོན་པའི་ཕྱི་འབྲེལ་དཔོན་ཟུར་པ་མུའུ་སི་ཐ་ཕ ·ཧྥེ་ཅི་ལ་ཁ་ཐར་གྱི་མིང་འདོན་འོས་མི་མཚོ་ཁུག་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཟུར་པ་ཨ་ཐི་ཡའི་འགྲན་རྩོད་འཕྲད་པ་དང་ཨེ་ཅིབ་ཀྱིས་དུས་ཚོད་ཀྱི་མཐའ་མཇུག་ཏུ་ད་ལྟའི་ཕྱི་འབྲེལ་པུའུ་ཀྲང་ཨ་ལ་པི་མིང་འདོན་བྱས་པ་དེའི་བསམ་དོན་གྲུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།