དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ལི་པི་ཡའི་ངོ་རྒོལ་ཤོག་ཁག་གི་ཚོད་འཛིན་ཁུལ་གྱི་དམངས་ཚོགས་ཁྲོད་ཕྱི་རྒྱལ་གྱི་སྐམ་ཐོག་དཔུང་སྡེས་ཐེ་གཏོགས་བྱེད་པར་མི་མཐུན་ས་ཆེན་པོ་ཡོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ལི་པི་ཡའི་པན་ཅ་ཤི་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ལི་པི་ཡའི་ངོ་རྒོལ་ཤོག་ཁག་གི་སྒར་ས་ཆེ་མོ་པན་ཅ་ཤིའི་སློབ་གྲྭ་ཆེན་མོ་ཞིག་གིས་ཚེས་16ཉིན་ཁྱབ་བསྒྲགས་བྱས་པའི་དམངས་འདོད་བརྟག་ཞིབ་གཅིག་ལས་མཚོན་པར་གཞིགས་ན། ཕྱི་རྒྱལ་གྱིས་སྐམ་ཐོག་དཔུང་སྡེ་བཏང་ནས་ཐེ་གཏོགས་བྱེད་པར་མོས་མཐུན་ཡོད་མེད་ཐད་ངོ་རྒོལ་ཤོག་ཁག་གི་ཚོད་འཛིན་ཁུལ་གྱི་དམངས་ཚོགས་ཁྲོད་མི་མཐུན་ས་ཧ་ཅང་ཆེན་པོ་ཡོད་པ་རེད།

        ཅ་ཡིའུ་ཉི་སི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧྥ་ཏི་ཧོ་·ཨ་ལི་ཡིས་ཉིན་དེ་རང་གི་གསར་འགོད་པའི་ཚོགས་འདུ་ཞིག་གི་ཐོག་ཁྱབ་བསྒྲགས་བྱས་པའི་བརྟག་ཞིབ་ཀྱི་གྲུབ་འབྲས་ལས་མངོན་པར་གཞིགས་ན། “ཕྱི་རྒྱལ་གྱི་སྐམ་ཐོག་དཔུང་སྡེས་རྣམ་པ་གང་རུང་ཞིག་གི་ཐོག་ནས་ཐེ་གཏོགས་བྱེད་པ་དང་ལེན་བྱེད་མིན ”སྐོར་གྱི་གནད་དོན་དེའི་ཐད་བརྟག་ཞིབ་བྱེད་ཡུལ་དམངས་ཚོགས་48%ཀྱིས “དང་ལེན་བྱེད་འདོད་མེད ”ཅེས་དང་དམངས་ཚོགས་44%ཡིས “དང་ལེན་བྱེད་འདོད་ཡོད ”ཅེས་ལན་བརྒྱབ་པ་དང་གཞན་ཡང་བརྟག་ཞིབ་དང་ལེན་བྱེད་མཁན་དམངས་ཚོགས་8%ཀྱིས་ལན་རྒྱག་ཁག་པོ་རེད་ཅེས་བཤད།

        ཨ་ལི་ཡིས་ད་ཐེངས་ཀྱི་བརྟག་ཞིབ་དེ་ནི་ཕྱི་ཕྱོགས་ཀྱི་རྩ་འཛུགས་གི་ཐེ་གཏོགས་དང་རོགས་སྐྱོར་གང་ཡང་མེད་པའི་ཐོག་ནས་ཅ་ཡིའུ་སིའི་སློབ་ཆེན་གྱི་ཞིབ་འཇུག་དང་བློ་འདྲིའི་ལྟེ་གནས་ཀྱིས་རང་ཚུགས་ངང་ལེགས་སྒྲུབ་བྱས་པ་ཞིག་རེད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།