དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རི་པིན་གྱི་འཛད་སྤྱོད་པའི་ཡིད་ཆེས་ཀྱི་སྟོན་གྲངས་བསྟུད་མར་ཤུགས་ཆེན་ཆག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཏུང་ཅིང་ནས་ཟླ་5 ཚེས་16 ཉིན་གློག་འཕྲིན་འབྱོར་གསལ། རི་པིན་ནང་བློན་ཁང་གིས་ཚེས་ 16 ཉིན་ཁྱབ་བསྒྲགས་བྱས་པའི་འཛད་སྤྱོད་པའི་ཡིད་ཆེས་ཀྱི་སྟོན་གྲངས་ལས་ས་ཡོམ་བརྒྱབ་རྗེས་ཟོག་གོང་འཕར་བ་དང་དེ་བཞིན་འཛད་སྤྱོད་བྱེད་འདོད་མེད་པ་སོགས་ཀྱི་ཤུགས་རྐྱེན་ཕོག་པས་ཟླ་4 པར་རི་པིན་གྱི་འཛད་སྤྱོད་པའི་ཡིད་ཆེས་ཀྱི་སྟོན་གྲངས་ཟླ་བ་གོང་མ་ལས་གྲངས་གནས་5.5 ཆག་ནས་གྲངས་གནས་33.1 བར་ཆག་པ་དང་ཟླ་3 པའི་རྗེས་སུ་ཆག་ཚད་ལོ་རྒྱུས་ཀྱི་མཐོ་ཤོས་སུ་སླེབས་པ་མངོན་ཡོད།

        འཛད་སྤྱོད་པའི་ཡིད་ཆེས་ཀྱི་སྟོན་གྲངས་འགྲུབ་པའི་དམིགས་ཚད་ཁག་ 4 ཡི་ནང་ནས “ཁྱིམ་ཚང་གི་གནས་ཚུལ ”དང “འབབ་འཕར་ཡོང་ཐབས ”“ལས་ཞུགས་ཁོར་ཡུག ”“སྤྱོད་ཤན་ཆེ་བའི་དངོས་རྫས་ཉོ་བའི་གོ་སྐབས་འཚོལ་བ ”བཅས་ཟླ་བ་གོང་མ་ལས་གྲངས་གནས་3.9 དང་། 2.8 9.4 5.9 བཅས་སོ་སོར་ཆག་ཡོད། དབྱེ་ཞིབ་བྱས་པར་གཞིགས་ན། ཟླ་3 པའི་གཞི་གྲངས་ནང་ས་ཡོམ་མ་བརྒྱབ་གོང་གི་འཛད་སྤྱོད་ཚུད་ཡོད་པས་ཟླ་4 པའི་བརྟག་དཔྱད་ལས་ས་ཡོམ་བརྒྱབ་རྗེས་ཤུགས་རྐྱེན་ཆེན་པོ་ཕོག་པ་མངོན་གསལ་དོད་པོས་མཚོན་ཡོད།

        ཟླ་4 པའི་འཛད་སྤྱོད་པའི་ཡིད་ཆེས་ཐད་ཀྱི་ནང་བློན་ཁང་གི་གདེང་འཇོག་དེ་ཟླ་གོང་མའི “ཞན་ཙམ ”ཞེས་པ་ནས “ཇེ་སྡུག ”ཞེས་པར་གྱུར་པ་དེ་ནི་ནང་བློན་ཁང་གི་གདེང་འཇོག་ཚད་གཞི་ཟླ་གཉིས་བསྟུད་མར་ཆག་པ་ཞིག་ཡིན་ལ་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ཐོན་རྗེས་ 2009 ལོའི་ཟླ་ 1 ཚུན་དུ་རི་པིན་གྱིས “ཇེ་སྡུག ”ཞེས་པའི་ཐོག་ནས་འཛད་སྤྱོད་པའི་ཡིད་ཆེས་ལ་ཚོད་སྐོར་བྱེད་ཐེངས་དང་པོ་དེའང་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།