དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ལི་པི་ཡས་བྱང་ཆིངས་ཀྱིས་འབར་མདེལ་དབྱུག་མཚམས་བཞག་ན་དུས་གཅིག་ཏུ་དམག་མཚམས་འཇོག་འདོད་ཡོད་ཅེས་བཤད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ཐི་རི་ཕོ་ལི་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་ལི་པི་ཡའི་སྤྱི་ཁྱབ་མི་དམངས་ཨུ་ལྷན་གྱི་སྤྱི་ཁྱབ་དྲུང་ཆེ (ཙུང་ལི )པ་ཀེ་ཏ་ཏི ·མ་ཧ་མའོ་ཏིས་བྱང་ཆིངས་ཀྱིས་འབར་མདེལ་དབྱུག་མཚམས་བཞག་ན་དུས་གཅིག་ཏུ་དམག་མཚམས་འཇོག་འདོད་ཡོད་ཅེས་བཤད་པ་རེད།

        ལི་པི་ཡའི་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། མ་ཧ་མའོ་ཏིས་དེ་ཉིན་ཐི་རི་ཕོ་ལིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་ལི་པི་ཡའི་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་ཧ་ཐི་ཕུ་དང་གྲོས་མོལ་བྱས་ཤིང་། མ་ཧ་མའོ་ཏིས “ལི་པི་ཡས་དམག་མཚམས་བཞག་འདོད་ཆེན་པོ་ཡོད་པ་དང་དེ་དང་དུས་མཚུངས་བྱང་ཆིངས་ཀྱིས་ཀྱང་འབར་མདེལ་དབྱུག་མཚམས་འཇོག་དགོས་ཞེས་བཤད་པ་དང་འབྲེལ “ལི་པི་ཡས་རྒྱལ་སྤྱིའི་ལྟ་ཞིབ་མཁན་གྱིས་དེའི་ཐད་ལྟ་སྐུལ་བྱ་རྒྱུ་དང་ལེན་བྱ་རྒྱུ་ཡིན ”ཞེས་ནན་བཤད་བྱས་པ་རེད།

        མ་ཧ་མའོ་ཏིས་ལི་པི་ཡས “མངའ་ཁོངས་ཆ་ཚང་དང་། མི་དམངས་མཐུན་སྒྲིལ། རྒྱལ་ཁབ་གཅིག་གྱུར ”བཅས་ལ་སྲུང་སྐྱོང་བྱ་རྒྱུར་ཤུགས་རྒྱག་རྒྱུ་ཡིན་པ་དང “ལི་པི་ཡའི་མི་དམངས་ཀྱིས་རང་དབང་དམངས་གཙོ་བརྒྱུད་གླེང་མོལ་བྱེད་རེས་བྱེད་པ་ལས་འབར་མདེལ་དབྱུག་པ་དང་འཇིགས་སྐུལ་གྱི་ཐོག་ནས་ཁོང་ཚོའི་ནང་ཁུལ་གྱི་གནད་དོན་དང་ཆབ་སྲིད་སྒྲིག་གཞི་གཏན་འཁེལ་བྱེད་མི་སྲིད ”ཅེས་བསྐྱར་བསྒྲགས་བྱས་པ་རེད།

        ཁོང་གིས་ད་དུང་བྱང་ཆིངས་ཀྱིས་འཕུར་མི་ཆོག་པའི་ཁུལ་དང་འབྲེལ་བ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད “གང་བྱུང་དུ་སྤྱོད་པ་དང་འབྲེལ་དེ་ལས་འགལ་བ ”དང་དེ་བཞིན “ཆབ་སྲིད་ཀྱི་ལྐོག་གསོད་དང་། དམངས་སྤྱོད་སྒྲིག་ཆས་གཏོར་བ། རྨང་གཞིའི་སྒྲིག་བཀོད་ལ་གཏོར་བརླག་གཏོང་བ། མི་སེར་དཀྱུས་མ་དང་རྨོ་ཞིང་ལ་འབར་མདེལ་དབྱུག་པ་བཅས་ལས་གྲོང་མི་ཡུལ་གྱར་དུ་འགྲོ་དགོས་བྱུང་བ ”སོགས་ལ་རྒོལ་གཏམ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།