དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཨུ་རུ་སུ། འཐབ་ཇུས་གོ་མཚོན་ཉུང་འཕྲིའི་ཆིངས་ཡིག་གསར་པའི་ནང་ནས་ཕྱིར་འཐེན་བྱ་རྒྱུའི་ཁེ་དབང་སོར་འཇོག་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་མོ་སི་ཁོ་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཨུ་རུ་སུའི་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ལི་ཡ་པུ་ཁོ་ཕུའུ་ཡིས་ཚེས་16ཉིན་ཡོ་རོབ་ཀྱི་མེ་ཤུགས་འཕུར་མདའི་འགོག་སྲུང་མ་ལག་གིས་ཨུ་རུ་སུར་འཇིགས་སྣང་མི་སྐུལ་རྒྱུའི་ཐད་བཅའ་ཁྲིམས་ཀྱི་འགན་ལེན་བྱ་རྒྱུ་ཨ་རིས་ཁས་མ་བླངས་སྟབས་ཨུ་རུ་སུས་འཐབ་ཇུས་གོ་མཚོན་ཉུང་འཕྲིའི་ཆིངས་ཡིག་གསར་པའི་ནང་ནས་ཕྱིར་འཐེན་བྱ་རྒྱུའི་ཁེ་དབང་སོར་འཇོག་བྱེད་རྒྱུ་ཡིན་ཞེས་ཐ་ཚིག་བསྒྲགས་པ་རེད། ལི་ཡ་པུ་ཁོ་ཕུའུ་ཡིས་མ་ལག་དེས་འབྱུང་འགྱུར་རྒྱལ་ཁབ་འདིའི་བདེ་འཇགས་ཁེ་ཕན་ལ་གནོད་འཚེ་མི་ཕོག་པའི་འགན་ལེན་མེད་ཚེ་ཨུ་རུ་སུས་ཞིབ་ཕྲའི་རྣམ་གྲངས་ཀྱི་མཉམ་ལས་བྱེད་མི་རུང་ཞེས་གསུངས་པ་རེད། ཁོང་གིས་ཨུ་རུ་སུས་འཐབ་ཇུས་གོ་མཚོན་ཉུང་འཕྲིའི་ཆིངས་ཡིག་གསར་པའི་ཁེ་དབང་ནང་ནས་ཕྱིར་འཐེན་བྱ་རྒྱུ་སོར་འཇོག་བྱེད་རྒྱུའི་ཐ་ཚིག་བསྒྲགས་པ་དང་ཨ་རིའི་མེ་ཤུགས་འཕུར་མདའི་འགོག་སྲུང་མ་ལག་གི་གྲངས་ཚད་དང་སྤུས་ཚད་འཕར་བ་དེས་ཨུ་རུ་སུའི་འཐབ་ཇུས་ཀྱི་ཉིང་རྡུལ་ནུས་པར་གནོད་འཚེ་ཕོག་རྒྱུ་ཡིན་པས་ཆིངས་ཡིག་གི་དོན་ཚན་བཅུ་བཞི་པའི་ནང་གི་དམིགས་བསལ་དོན་རྐྱེན་ཞིག་ཏུ་བརྩི་རྒྱུ་ཡིན་པར་བརྟེན་ཨུ་རུ་སུར་ཆིངས་ཡིག་དེ་ལས་ཕྱིར་འཐེན་བྱེད་དབང་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།