དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཨུ་རུ་སུས་ལི་པི་ཡའི་གདོང་ཐུག་ཁྲོད་ཀྱི་ཕྱོགས་ཁག་ལ་འཕྲལ་མར་དམག་མཚམས་བཞག་ནས་གྲོས་མོལ་བྱ་རྒྱུའི་རེ་འབོད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཕུའུ་ལུའོ་ཕུའུ་ཡིས་ཚེས་16ཉིན་མོ་སི་ཁོར་ཨུ་རུ་སུས་ལི་པི་ཡའི་གདོང་ཐུག་ཁྲོད་ཀྱི་ཕྱོགས་ཁག་ལ་འཕྲལ་མར་དམག་མཚམས་བཞག་ནས་གྲོས་མོལ་བྱ་རྒྱུའི་རེ་འབོད་བྱས་ཡོད་ཅེས་གསུངས་པ་རེད།

        དེ་ཉིན་ལ་ཕུའུ་ལུའོ་ཕུའུ་ཡིས་འཚམས་འདྲིར་ཕེབས་པའི་ན་སྨི་པི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཨུ་ཐུའོ་ཉི ·ནུའུ་ཆའོ་མ་དང་མཇལ་འཛོམས་གནང་བ་རེད། དེ་རྗེས་འཚོགས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་ཐོག་ལ་ཕུའུ་ལུའོ་ཕུའུ་ཡིས་ཨུ་རུ་སུ་དང་ན་སྨི་པི་ཡ་གཉིས་ཀས་ལི་པི་ཡའི་གདོང་ཐུག་གང་མགྱོགས་མཇུག་འགྲིལ་རེ་བྱེད་ཀྱི་ཡོད། ཧྥེ་གླིང་གནའ་འབྲེལ་གྱིས་ལི་པི་ཡའི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད་བཏོན་པའི་ཐབས་ལམ་ལ་ཨུ་རུ་སུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ལ་ཕུའུ་ལུའོ་ཕུའུ་ཡིས་ད་དུང་ལི་པི་ཡར་མཁའ་ཐོག་འཇབ་རྒོལ་བྱེད་མཁན་རྒྱལ་ཁབ་མང་པོའི་དཔུང་སྡེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལས་འགལ་བའི་བྱེད་སྤྱོད་འཕྲལ་མར་མཚམས་འཇོག་རྒྱུའི་རེ་འབོད་ཀྱང་གནང་བ་རེད། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་1970པ་དང་ཨང་1973པར་བརྩི་སྲུང་ནན་པོ་ཞུ་དགོས་པ་དང་གྲོས་ཆོད་ནང་སྤྲད་པའི་དབང་ཆ་ལས་བརྒལ་བའི་བྱེད་སྤྱོད་འཕྲལ་མར་ཡོ་བསྲང་བྱེད་དགོས་ཞེས་གསུངས་པ་རེད།

        གཞན་ཡང་ལ་ཕུའུ་ལུའོ་ཕུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་ལི་པི་ཡའི་གནད་དོན་གྱི་ཆེད་བསྐོས་གཞུང་ཚབ་ཆེ་མོ་ཧ་ཐི་པུ་དང་། ལི་པི་ཡ་སྲིད་གཞུང་། ངོ་རྒོལ་ཤོག་ཁག་བཅས་ཚང་མས་འཐུས་མི་བཏང་ནས་ཨུ་རུ་སུར་འཚམས་འདྲི་ཞུ་རེ་གནང་བ་དང་ཨུ་རུ་སུས་མོ་སི་ཁོར་ལི་པི་ཡའི་ངོ་རྒོལ་ཤོག་ཁག་གི་འཐུས་མི་དང་གླེང་མོལ་གང་མགྱོགས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།