དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་འདོམས་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཝ་ཧྲིང་ཐོན་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་འདོམས་ཏུའོ་སྨི་ཉི་ཁེ ·སི་ཐེ་ལའོ་སི —ཁ་ཨེན་གྱི་ཆགས་སྤྱོད་ཀྱི་ཉེས་གསོག་དང་བཙན་གཡེམ་བྱེད་རྩིས་སོགས་ཀྱི་ཉེས་པ་བསགས་པས་ཉིའུ་གཡོད་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་14ཉིན་ཁ་ཨེན་མན་ཧ་ཏུན་སྐབས་བསྟུན་ཚགས་པར་ཐང་ཆེན་གྱི་ཉེ་འདབས་སུ་ཡོད་པའི་སུའོ་ཕི་ཐེ་ཨར་ཁང་དུ་སྡོད་ཅིང་ཨར་ཁང་གི་རང་ལོ་32ལ་སླེབས་པའི་ཞབས་ཞུ་མ་ཞིག་གིས་ཉེན་རྟོག་ཕྱོགས་ལ་ཁ་ཨེན་གྱི་ཆགས་སྤྱོད་བཙན་གནོད་ཕོག་ཚུལ་ཞུས་པ་རེད། ཉིན་དེའི་ཕྱི་ཙམ་ཞིག་ལ་ཁ་ཨེན་ནི་ཉིའུ་གཡོད་ཁན་ཉི་ཏི་གནམ་ཐང་ནས་ཕ་རི་སིར་མ་འཕུར་གོང་གི་སྐར་མ་འགའ་ཞིག་གོང་ཉིའུ་གཡོད་གྲུ་ཁ་དང་ཤིན་ཙེ་ཤིས་གྲུ་དོན་ཅུས་ཀྱི་འབྲེལ་ཡོད་མི་སྣས་གནམ་གྲུ་ནས་འཁྲིད་རྗེས་ཉིའུ་གཡོད་ཀྱི་ཉེན་རྟོག་ཕྱོགས་ལ་རྩིས་སྤྲད་པ་རེད།

        ད་ལོ་ལོ་62ལ་སླེབས་པའི་ཁ་ཨེན་ནི་ཕ་རན་སི་ནས་ཡིན་པ་དང་ཕྱི་ལོ་ཕ་རན་སེའི་ཙུང་ཐུང་གི་འདེམས་བསྐོ་ཆེ་མོའི་གདམ་བྱའི་འོས་མིའི་གྲས་སུ་ཡིན་པ་ངོས་འཛིན་བྱེད་ཅིང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་མགྲིན་ཚབ་པས་དེའི་ཐད་དཔྱད་གླེང་གང་ཡང་སྤེལ་མེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།