དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་སྐུ་ཚབ་ཚོགས་པས་ལྷོ་ཕྱོགས་ཆན་ཏའོ་གླིང་ཚོམ་གྱི་ཀུའོ་ཧའོ་གླིང་ཕྲན་ལ་གཟིགས་ཞིབ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ཕུའུ་ལ་ཏེ་ཨའོ་སི་ཐའོ་ཁེ་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་སྲིད་བློན་གཞོན་པ་ཤེར་ཀེ་.དབྱི་ཝན་ནུའོ་ཕུའུ་ཡིས་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་སྐུ་ཚབ་ཚོགས་པའི་སྣེ་འཁྲིད་དེ་ལྷོ་ཕྱོགས་ཆན་ཏའོ་གླིང་ཚོམ ( རི་པིན་གྱིས་བྱང་ཕྱོགས་གླིང་ཕྲན་བཞི་ཞེས་བརྗོད )གྱི་ཀུའོ་ཧའོ་གླིང་ཕྲན་ལ་གཟིགས་ཞིབ་གནང་བ་རེད།

        སྐུ་ཚབ་ཚོགས་པས་ཉིན་དེ་རང་དུ་ལྷོ་ཕྱོགས་ཆན་ཏའོ་གླིང་ཚོམ་གྱི་ཙེ་ཀྲུའོ་གླིང་ཕྲན་ལ་གཟིགས་ཞིབ་གནང་མཇུག་འགྲིལ་རྗེས་ཀུའོ་ཧའོ་གླིང་ཕྲན་ལ་གཟིགས་ཞིབ་གནང་ཞིང་། དབྱི་ཝན་ནུའོ་ཕུའུ་ཡིས་ཀུའོ་ཧའོ་གླིང་ཕྲན་ཐོག་སྐྲུན་བཞིན་པའི་མོན་ཅེ་ལེ་ཨའོ་གནམ་ཐང་དང་། རྒྱས་སྐྲུན་བྱེད་པའི་སྤྱི་ལེ་3གྱི་ནན་ཁུའུ་ལིར་སིར་ནས་དབྱི་ལུའོ་ཕུའུ་ནེ་ནུའོ་བར་གྱི་གཞུང་ལམ། གླིང་ཕྲན་ཐོག་གི་གྲུ་ཁ་ཕྱོགས་བསྡུས་འཛུགས་སྐྲུན་བྱས་ཚུལ་བཅས་ལ་གཟིགས་ཞིབ་གནང་བ་རེད། གྲུ་ཁ་ཕྱོགས་བསྡུས་འཛུགས་སྐྲུན་བྱས་ཚུལ་ལ་གཟིགས་ཞིབ་གནང་སྐབས་ཁོང་གིས་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་གཟའ་འཁོར་རྗེས་མར་འབྲེལ་ཡོད་ཁྲིམས་སྲོལ་བཏོན་ནས་ས་གནས་དེ་གའི་གྲུ་བཟོའི་ལས་རིགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་གསུངས་པ་རེད།

        ཉིན་དེའི་སྔ་ནུབ་ཏུ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་སྐུ་ཚབ་ཚོགས་པས་ཙེ་ཀྲུའོ་གླིང་ཕྲན་གྱི་གནམ་ཐང་དང་། མཚོ་ཁ། གྲུ་ཁ་སོགས་འཛུགས་སྐྲུན་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།

        དབྱི་ཝན་ནུའོ་ཕུའུ་ནི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེད་དོན་འཆར་གཞི་འདོན་མཁན་གྲས་ཡིན་ཞིང་། ཁོང་གིས་2015ལོ་བར་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ལུའུ་པུའུ་སྒོར་དུང་ཕྱུར་150(ཨ་སྒོར་དུང་ཕྱུར་5.3དང་ཧ་ལམ་མཚུངས་པ )བཏང་ནས་འཆར་གཞི་དེ་དོན་འཁྱོལ་བྱ་རྩིས་ཡོད་ལུགས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།